ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་འཆར་འགོད་དང་། ཚན་རིག་དང་མཐུན་པའི་དོ་དམ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ཚན་རིག་དང་མཐུན་པའི་ཚད་ལྡན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད། 

སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ”གྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་གཏོང་བ་སྟེ། སན་པ་ཤང་གི“འཇང་རིགས་ཤར་པ་རིག་གནས་ཁྲིད་སྦྱོང་ཁང”དང་། ཅན་ཐང་གྲོང་རྡལ་གྱི“ན་ཕ་ཧའེ་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་དཔེ་སྟོན་གྲོང་ཚོ”དང་ཉི་ཤིས་ཤང་གི“བོད་རིགས་རྫ་ནག་སྲེག་བཟོ་རྩལ་ཐོན་སྐྱེད་རང་བཞིན་སྲུང་སྐྱོང་ཁྲིད་སྦྱོང་ཁང”བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་སྲུང་སྐྱོང་དང་དྲིལ་བསྒྲགས་བྱེད་པ། འབྲེལ་ཡོད་ཀྱི་ཡིག་ཚགས་དང་། དཔེ་ཆ། DVDསྒྲིག་སྦྱོར་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། དགེ་རྩ་ཤང་དང་སྟོང་དབང་ཤང་གི་ཡིག་ཚགས་ལས་པའི་གྲུབ་འབྲས་སྤྲོད་པའི་ལས་དོན་སྤེལ་ཞིང་། མིག་སྔར《དགུང་དུ་འཕྱོ་བའི་ཆུ་དཀར་གཙང་བོ》དང་། 《ན་ཕ་ཧའེ་སྲོལ་རྒྱུན་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་བསྒྲིགས》སོགས་དཔེ་དེབ་ཀྱི་དུས་འགོའི་རྩོམ་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ་དང་། 《ཅན་ཐང་སྐོར་བྲོ》དང་། 《མི་རིགས་མང་པོའི་ཀ་བེད་གླིང་བུ》《འཇང་རིགས་ཀྱི་དམངས་གཞས》ཞེས་པའི་དུས་འགོའི་ཡུལ་དངོས་བརྟག་དཔྱད་བྱས་པ་མ་ཟད། ས་གནས་དེ་གའི་དམངས་སྲོལ་བྱེད་སྒོ་དང་ཟུང་འབྲེལ་གྱིས་བརྙན་ལམ་དང་སྒྲ་ཕབ་འཚོལ་བསྡུ་སོགས་ཀྱི་ལས་དོན་སྤེལ་ལ། སྐབས་ལྔ་པའི་རྒྱལ་ཁབ་རིམ་པའི“གཟུགས་འདས་ཤུལ་བཞག་རིག་གནས་”རྣམ་གྲངས་རེ་ཞུའི་གྲ་སྒྲིག་ཡག་པོ་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་རིམ་པའི་《རྟ་རྒྱུག་འགྲན་ཚོགས》དང་། 《འཇང་རིགས་ཀྱི་སྲོལ་རྒྱུན་སོ་མ་ར་ཙའི་ལག་རྩལ》མུ་མཐུད་དུ་སྤེལ་བར་རེ་ཞུ་བྱས་ཏེ། འབྲེལ་ཡོད་རེ་འདུན་ལྟར་ཡུལ་དངོས་བརྟག་དཔྱད་བྱས་ཤིང་། མིག་སྔར་རྣམ་གྲངས་གཉིས་ཀྱི་རེ་ཞུའི་ཡིག་ཆར་བཟོ་བཅོས་བརྒྱབ་ཟིན་པ་དང་། འདྲ་པར་དང་བརྙན་ལམ་དཔྱད་ཡིག་བཟོ་བ་དང་བསྡུ་སྒྲིག་དང་བརྙན་ལམ་སྒྲིག་སྦྱོར་ལས་དོན་སྙན་སེང་ཞུས་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།