བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བར་རོགས་སྐྱོར་བྱེད་པ་དང་། བདེ་ཆེན་བོད་རིགས་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་ཐོན126ལ་འབྲུ་རིགས་སྐྱེལ་རོགས་དང་ལམ་བཟོ་རོགས་བྱས་པའི་པར་རྙིང་།

1.jpg

འདི་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཐོན་126གིས་ཁམས་བོད་ལ་བསྐྱོད་པའི་ཐོན་ཡོངས་ཀྱི་བཀོད་འཐབ་པའི་དྲན་གསོའི་པར་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 1950ལོ་ནས1951ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང (2001ལོར་སེམས་ཀྱི་ཉི་ཟླ་རྫོང་ཞེས་འབོད་ཅིང་། 2014ལོར་རྫོང་གྲོང་ཁྱེར་དུ་བསྒྱུར)དང་། བདེ་ཆེན་རྫོང་། ཝུའེ་ཤིས་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་ལམ་བོད་ལྗོངས་སུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་གལ་ཆེན་དུ་གྱུར་ནས་དཔུང་སྐྱོད་ཀྱི་རྟེན་གཞིར་གཏན་ཁེལ་བྱས་པ་རེད། དེའི་རིང་རྫོང་གསུམ་གྱིས་མི་ཤུགས་དང་། ཕྱུགས་ཤུགས། དངོས་ཤུགས་བཅས་འབོར་ཆེན་བཏང་ནས། འབྲུ་རིགས་དང་དམག་མཁོའི་དངོས་རྫས་བོད་ལྗོངས་ཀྱི་མཐའ་མཚམས་སུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་ས་ཚིགས་ཁག་ལ་སྐྱེལ་འདྲེན་བྱས་པ་རེད། ས་ཐང་ཅུའུ་ཏའེ་ནས་བདེ་ཆེན་བར་གྱི་རྡོ་ཆེན་ཤིང་རྟ་ལམ་བཟོ་པ་དང། བདེ་ཆེན་དང་བོད་ལྗོངས་རྫ་ཡུལ་དམག་སྒར། མཛོད་ཁང་སོགས་བསྐྲུན་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བར་རོགས་སྐྱོར་བྱེད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས།

ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་བྱེད་ཕྱོགས་བཏོན་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཅུན་ཤོག་18པས་མགྱོགས་མྱུར་ངང་བོད་ལྗོངས་སུ་བསྐྱོད་རྒྱུའི་དམག་འཐབ་ཀྱི་གྲ་སྒྲིག་ཁག་བྱས་ཟིན་པ་དང་ཆབས་ཅིག ཡུན་ནན་དམག་ཁུལ་གྱི་ཅུན་ཤོག་14པའི་ཐོན་126པ་ལམ་བར་གྱི་མི་དམངས་ཀྱི་རོགས་སྐྱོར་འོག ལོ་དེའི་ཟླ་7པར་ཡུན་ནན་བདེ་ཆེན་དུ་འབྱོར་ནས་བོད་དུ་དཔུང་སྐྱོད་བྱ་རྒྱུའི་གྲ་སྒྲིག་བྱས་པ་རེད།

1950ལོའི་ཟླ་3ཚེས་9ཉིན། ཡུན་ནན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཁྲེན་ཀེང་དང་། ཆབ་སྲིད་ཨུ་ཡོན་སུང་རེན་ཆུང་། དམག་སྤྱི་གཞོན་པ་ཀུའོ་ཐེན་རྨིན་བཅས་ཀྱིས་བོད་དུ་བསྐྱོད་པའི་དམག་དཔུང་མངགས་གཏོང་བྱས་པའི་སྐོར་གྱི་སྙན་ཞུའི་ནང་དུ། “ང་ཚོས་ཅུན་བཅུ་བཞི་བའི་རྐང་དམག་ཐོན་གཅིག་དང་ཕྱུགས་ཟོག་སྟོང་གསུམ་གྱིས་གྲུབ་པའི་སྐྱེལ་འདྲེན་ཐོན་གྱིས་བོད་ལྗོངས་སུ་བསྐྱོད་པའི་དམག་དཔུང་བྱེད་རྒྱུའི་ཐག་བཅད་”ཅེས་བཀོད་འདུག

སྙན་ཞུ་དེའི་ནང་བཅིངས་འགྲོལ་དམག་ལྷོ་ལམ་བོད་དུ་བསྐྱོད་པའི་ལམ་ཐིག་དེ“ཏ་ལི་དང་། ས་ཐང་། ཝེ་ཤིས། བདེ་ཆེན། ཉིང་ཅིན། ཁོ་སྨི། སུའུ་ཝ། དེ་ནས་ཡར་ཀླུང་གཙང་པོའི་ལམ་ཐིག་བརྒྱུད་ནས་ཐད་ཀར་ལྷ་སར་བསྐྱོད། ལམ་ཐག་ཧྲིལ་པོར་ཧྭ་ལེ་ལྔ་སྟོང་ཉིས་བརྒྱ་ཡོད་པ་རེད་”ཅེས་གཏན་ཁེལ་བྱས་ཡོད། 

བོད་དུ་བསྐྱོད་རིང་། “ཝེ་ཤིས་ཕུད་པའི་ཁོ་སྨི་བར་གྱི་དུམ་བུར། བསྟུད་མར་རི་མཐོན་པོ་དང་ཆུ་ཆེན་པོ་བརྒལ་དགོས། ས་ཁུལ་དེ་གར་མི་ཉུང་བས་འབྲུ་རིགས་ཐད་ལ་དཀའ་ངལ་འཕྲད་ཡོད”ཅེས་བཀོད་འདུག

 དཔུང་བསྐྱོད་བྱེད་པའི་ལམ་བར་དུ། “ཏ་ལི་ནས་ས་ཐང་བར་གྱི་ས་ལས་བརྒྱ་ཆ་བརྒྱད་ཅུ་ལེགས་གྲུབ་ཟིན་མོད། འོན་ཀྱང་ལམ་གཞི་དང་ཟམ་པ་ད་དུང་འཛུགས་སྐྲུན་བྱས་མེད་པའི་”རྐྱེན་གྱིས། དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་ས་ཆ་དེ་གའི་འབྲེང་ཐག་སྤྱད་དེ་གཙང་པོ་བརྒལ་བ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།