ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་སྤྲེལ་སེར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ཞིང་བསྡོམས་གྲངས3000ཙམ་ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུན་ནན་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྲེལ་སེར།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྲེལ་སེར་ནི་ཀྲུང་གོའི་ཐུན་མོང་མ་ཡིན་པའི་སྟོངས་ལ་ཉེ་བའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ལ། དོམ་ཕྲ་དང་འདྲ་བར་ཀྲུང་གོའི“རྒྱལ་ཁབ་ཀྱི་ནོར་བུ”ཞེས་མཚན་སྙན་ཐོབ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་སྲོག་ཆགས་ཀྱི་གྲས་སུ་ཚུད་ཡོད་ལ། དེའང་རྒྱལ་སྤྱིའི་རང་བྱུང་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མནའ་འབྲེལ(IUCN)གྱི་སྲོག་ཆགས་རིགས་ཀྱི་མིང་གཞུང་དམར་པོའི་སྟོངས་ལ་ཉེ་བའི་སྲོག་ཆགས་དང་། རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་སྤྱི་ཆིངས(CITES)ཀྱི་ཟུར་བཀོད་སྲོག་ཆགས་དང་པོ་ཡིན། གཙོ་བོ་ཡུན་ནན་ནུབ་བྱང་རྒྱུད་དང་བོད་ཤར་ལྷོའི་ས་ཁུལ་དུ་ཁྱབ་པ་དང་། འཛམ་གླིང་གི་ས་བབ་མཐོ་ཤོས་སུ་གནས་པའི་བློ་ལྡན་སྲོག་ཆགས་ཤིག་ཡིན་པས། མི་རྣམས་ཀྱིས“གངས་རིའི་སྤྱང་གྲུང་མཁན”ཞེས་བརྗོད་ཡོད། ཡུན་རིང་འབད་བརྩོན་དང་ཐུན་མོང་གི་སྲུང་སྐྱོང་འོག མིག་སྔར་ཡུན་ནན་གྱི་ས་ཁོངས་ཧྲིལ་པོའི་སྤྲེལ་སེར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་། བསྡོམས་གྲངས3000ཙམ་ལ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།