ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་རྟ་རྒྱུག་འགྲན་བསྡུར་ཐོག་བློ་བཟང་བདེ་ལེགས་ལ་གསེར་གྱི་རྟགས་མ་ཐོབ་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་14ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་རྟ་ཐོག་འགྲན་རྩལ་རྣམ་གྲངས་ལས་མི་རིགས་རྟ་རྒྱུག་སྨི་3000ཅན་དང་། གོམ་ཚད་སྨི་1000ཅན་གྱི་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་མཇུག་བསྒྲིལ་ཞིང་། བདེ་ཆེན་གྱི་རྟ་རྒྱུག་མཁན་གྲགས་ཅན་བློ་བཟང་བདེ་ལེགས་ཀྱིས་གོམ་ཚད་སྨི་1000ཅན་གྱི་འགྲན་བསྡུར་ནང་སྐར་མ་1དང་སྐར་ཆ་20ཡི་དུས་ཚོད་ནང་རྣམ་གྲངས་དེའི་བྱ་དགའ་ཨང་དང་པོ་བླངས་པ་དང་།  འདི་ནི་སྐབས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཡུན་ནན་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེའང་ཡིན་པ་རེད།

བྱ་དགའ་ལེན་པའི་ཡུལ་དངོས།

       རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་7གྱི་བདམས་ཐོན་པ་36གོམ་ཚད་སྨི་1000ཅན་གྱི་འགྲན་བསྡུར་ནང་ཞུགས་ཡོད་པ་དང་།  ཡུན་ནན་ཞིང་ཆེན་གྱིས་རྣམ་གྲངས་འདི་ལ་འགྲན་ཞུགས་པ་མི6མངགས་ཡོད། ལོ་ན31ལ་སླེབས་པའི་བློ་བཟང་བདེ་ལེགས་ནི་ཡུན་ནན་ཞིང་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡིན་པ་དང་།  སྐབས་རེ་རེའི་འགྲན་བསྡུར་ནང་ཨང་གཉིས་པ་ཡན་ལོན་གྱི་ཡོད། གཞན་ཡང་བློ་བཟང་བདེ་ལེགས་ཀྱི་རྟ་རྒྱུག་གྲོགས་པོ་བློ་བཟང་ཚེ་རིང་ལ་རྣམ་གྲངས་འདིའི་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་ཡོད།   །

བློ་བཟང་བདེ་ལེགས་ཀྱི་གཅེས་རྟ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།