ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་གཞུ་ཟམ་གྱི་གྲུབ་ཆ་གཙོ་བོ་འབྲེལ་མཐུད་ཟིན་ནས་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0bd162d9f2d3572cb480ae7ee9737b2263d0c393.jpg

e61190ef76c6a7ef81a75f579e9ab754f2de66a7.jpg

d8f9d72a6059252d6f62318f51fb1b3e5ab5b9ad.jpg

འདི་ནི་གྲུབ་ཆ་གཙོ་བོ་འབྲེལ་མཐུད་བྱེད་བཞིན་པའི་ཟམ་ཆེན་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་གཞུ་ཟམ་གྱི་གྲུབ་ཆ་གཙོ་བོ་འབྲེལ་མཐུད་ཟིན་ནས་ཟམ་ཆེན་བསྐྲུན་པར་དུས་མཚམས་རང་བཞིན་གྱི་འཕེལ་རིམ་གལ་ཆེན་བྱུང་བ་དང་། 2019ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཞག་ཡོད། ཁྲི་ཧྲུའེ་གཙང་པོ་རྒྱུག་ཁུལ་གྱི་གྲུ་ཁ་ཟམ་པར་བསྒྱུར་བའི་ལས་གཞི་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཟམ་པ་དེ་བསྐྲུན་རྗེས་ཞིང་ཆེན་གསུམ་པོའི་འབྲེལ་མཚམས་ཁུལ་གྱི་མང་ཚོགས་ཁྲི་བཅུ་ལྷག་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་མ་ཟད། ད་དུང་ཨུའུ་མོང་རི་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལའང་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།