ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་བདེ་ཆེན་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དབྱར་ཁ་ཤར་མ་ཐག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡུན་ལིང་ཤང་དངུལ་ཕུ་གྲོང་ཚོར་སྐྱོད་སྐབས། དེ་གར་དམར་མདངས་རྒྱས་པའི་རྒྱ་སེ་མེ་ཏོག་གཅིག་ལ་གཅིག་འགྲན་གྱིས་ཁྲ་ཆིལ་ལེར་བཞད་ཅིང་། གྲོང་ཚོའི་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཉིས་ཀྱང་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ཚ་ཚ་འུར་འུར་ངང་སྤེལ་བཞིན་འདུག

གྲོང་ཚོར་སླེབས་མ་ཐག་སྤྲོ་སེམས་འཁོལ་བའི་དགོད་སྒྲས་ཁེངས་ཤིང་། བོད་རིགས་གྲོང་མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་རླངས་འཁོར་ནས་རྫས་ལུད་དབོར་བཞིན་པ་མཐོང་བྱུང་། ཁུལ་ས་བོན་གསོ་སྦྱོང་ས་ཚིགས་ཀྱི་ལག་རྩལ་བ་གྲོང་ཚོར་སྲན་དཀར་འདེབས་གཡོག་ལག་རྩལ་གསོ་སྦྱོང་བྱེད་པར་སླེབས་པ་དང་། གསོ་སྦྱོང་ལ་ཞུགས་པའི་གྲོང་མི་རེར་ཁ་གསབ་སྒོར80དང་རྫས་ལུད་དོ་པོ་གཅིག་རག་གི་ཡོད་པ་རེད།

སློབ་ཆེན་ཐོན་མ་ཐག་པའི་བོད་རིགས་བུ་མོ་ཚུལ་ཁྲིམས་ལྷ་མོས་གད་མོ་འཚེར་འཚེར་ངང་རྫས་ལུད་ཕབ་སྟེ་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་གསར་འགོད་པར“ལོ3གོང་སློབ་ཆེན་འགྲིམ་སྐབས་རྫོང་དང་གྲོང་ཚོ་ནས་སོ་སོར་ཁ་གསབ་སྒོར3000སྤྲད་དེ་ང་ལ་རོགས་རམ་གནང་བྱུང་། ཕ་ཡུལ་དུ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག ངའི་ཁྱིམ་གྱི་སྒོ་རྩའི་བར་ཨར་འདམ་ལམ་བཏིངས་པ་དང་ཁྱིམ་དུ་བཏབ་པའི་སྲན་དཀར་ལ་ཡོང་འབབ་སྒོར5000རག་གི་འདུག ཕ་ཡུལ་སྔར་བས་ཉམས་དགའ་བར་འགྲོ་བཞིན་འདུག”ཅེས་གསར་འགོད་པར་བཤད།

དངུལ་ཕུ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། དེ་སྔ་གྲོང་ཚོའི་ཆ་རྐྱེན་སྐྱོ་བ་སོགས་ཀྱི་རྐྱེན་པས་གྲོང་མི་ཁག་གཅིག་དབར་མཐུན་སྒྲིལ་མེད་པ་དང་ཁྱིམ་མཚེས་དང་གཉེན་ཉེ་ཕན་ཚུན་འཆམ་མཐུན་དེ་ཙམ་མེད། ཉེ་བའི་ལོ་ཤས་རིང་ཏང་སྤྱི་ཁྱབ་ཀྲི་པུས་ལས་ཀའི་ལམ་སྲོལ་གསར་གཏོད་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་མི་རིགས་མཐུན་སྒྲིལ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད། “སྲོག་ཤིང་ལ་གོང་བཀུར·པེ་ཅིང་ལ་བློ་ཁ་ཕྱོགས”པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ། ཕུགས་ཕན་རོགས་སྐྱོར་ལམ་སྲོལ་དང་ཞི་མཐུན་མཉམ་གནས་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་པས། ད་ཆ་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་། ཁྱིམ་མཚེས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་བྱུང་ནས་གྲོང་མི་དེ་བས་མང་བས་ཏང་གི་བཀའ་དྲིན་ཚོར་བཞིན་ཡོད་པ་རེད།

དངུལ་ཕུ་གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་ཆུང་ངུའི་འཁྲིས་སུ་ཁང་སྦུག་གི་རིག་གནས་ཐང་ཆེན་རྒྱ་ཆེན་པོ་ཞིག་ཡོད་པ་དང་། དེར་ལན་ཆིའུ་སྤོ་ལོ་ཐང་དང་ལྟ་རོལ་སྡིངས་ཆ་ཡོད་ཅིང་། དེ་ནི་དངུལ་ཕུ་གྲོང་ཚོའི“སྟེང་པ·ཅིན་ཨན”སྲོལ་རྒྱུན་རིག་གནས་དུས་ཆེན་གཉེར་ས་རེད། འགན་འཁུར་བས“གྲོང་མི་རྣམས་ལ་ལོ་ལྟར་བོད་ཟླ་བདུན་པའི་ཚེས15ཉིན་སྒོར་གཞས་རྒྱག་སྲོལ་ཡོད་པ་དང་། ཉེ་བའི་ལོ་གཉིས་རིང་ཡུལ་སྲོལ་དེ‘སྟེང་པ·ཅིན་ཨན’སྲོལ་རྒྱུན་རིག་གནས་དུས་ཆེན་དུ་བསྒྱུར་ནས་གཉེར་བ་དང་། གྲོང་མི་ཚང་མས་མཉམ་དུ་སྒོར་གཞས་རྒྱག་པ་དང་། མདའ་འཕེན་པ། ལན་ཆིའུ་སྤོ་ལོ་རྒྱག་པ་མ་ཟད། མི་རིགས་དང་ཆོས་ལུགས་མི་འདྲ་བ་གང་ཡིན་རུང་ཚང་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས་སྐྱིད་སྐྱིད་གཏོང་བ་དང་། གྲོང་མིའི་དབར་གྱི་འབྲེལ་བ་ཡང་སྔར་བས་འཆམ་མཐུན་དུ་གྱུར་སོང”ཞེས་བཤད།

ལོ་འདི་དག་རིང་། གྲོང་ཚོར་ད་དུང་མཉམ་ལས་ཁང་བཙུགས་པ་དང་གྲོང་ཚོའི་དུད་ཁྱིམ179ཡི་བོད་རིགས་གྲོང་མི་ཡོངས་མཉམ་ལས་ཁང་དུ་ཞུགས་ཏེ“ཏང་སྤྱི་ཁྱབ་ཀྲི་པུའུ་དང་། རྟེན་གཞི། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ་གྱི”དབུལ་སྒྲོལ་བྱེད་སྟངས་ཆགས་པ་དང་། མིག་སྔར་མི་རེའི་ཡོང་འབབ་ཁེ་གཙང་སྒོར་9000ལྷག་ཟིན་གྱི་ཡོད།

བདེ་ཆེན་རྫོང་ཨུད་རྩ་འཛུགས་པུའི་འགན་འཁུར་བས། བདེ་ཆེན་ཁུལ་གྱིས2017ལོའི་ཟླ7པ་ནས་བཟུང“སྲོག་ཤིང་ལ་གོང་བཀུར·པེ་ཅིང་ལ་བློ་ཁ་ཕྱོགས”པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། “ཏང་གི་སློབ་ཚན་སྟོང་གཞི་རིམ་དུ་འཁྲིད་པ”དང་། ཤང་དང་གྲོང་རྡལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས། “མཁར་རྫོང་གྲོང་ཚོ”དང་། “དུས་བདེའི་གྲོང་ཚོ” “འབྱོར་འབྲིང་གྲོང་ཚོ”བཅས་བསྐྲུན་ཁར། བདེ་ཆེན་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་དུ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། བདེ་ཆེན་རྫོང་གི་རྫོང་ཐད་གཏོགས་ལས་ཁུངས64ཡི་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དབར“ཆ་སྒྲིག་མཉམ་སྐྲུན”་བྱས་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི“སྐུལ་འདེད་གཉིས”སྤྱི་འདོམས་སུ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་མང་ཚོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་པའི་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།