ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཚོང་ཟོག་བཤམས་སྟོན་དང་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་བདེ་ཆེན་གྱི་ཐོན་རྫས་སྣ་ཚོགས་བཤམས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཚོང་ཟོག་བཤམས་སྟོན་དང་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཨང་རྟགས་13པའི་རིག་གནས་ཡུལ་སྐོར་ཁང་ནས་སྤེལ་ཞིང་། བདེ་ཆེན་བཤམས་སྟོན་ཁང་དུ་སྤྲོད་སྐྱིད་ཀྱི་སྐོར་བྲོ་འཁྲབ་ཅིང་། སྙན་པའི་པི་ཝང་དཀྲོལ་བཞིན་ཡོད་དེ། འཁྲུག་ཆ་དོད་ལ་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་གིས་ཡོངས་སུ་ཁེངས་ཡོད།

 2019 ལོའི་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཚོང་ཟོག་བཤམས་སྟོན་དང་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་ཡུལ་སྐོར་རིག་གནས་ཁང་ཐོག་དང་བོ་ཞུགས་པ་ཡིན་ཏེ། བཤམས་སྟོན་ཁང་ལ་ཡུལ་སྐོར་རིག་གནས་ཚབ་མཚོན་ཁུལ་དང་ཁུལ་དང་གྲོང་ཁྱེར་ཡུལ་སྐོར་ཚབ་མཚོན་ཁུལ། དངོས་མིན་ཤུལ་བཞག་ལས་གཞིའི་བཤམས་སྟོན་ཁུལ། རིག་གནས་གསར་གཏོད་ཀྱི་སྤུས་དག་ཐོན་རྫས་བཤམས་སྟོན་ཁུལ། རིག་ལྡན་ཡུལ་སྐོར་བཤམས་སྟོན་ཁུལ། ཡུལ་སྐོར་ཕྱོགས་བསྡུས་བཤམས་སྟོན་ཁུལ། ཡུལ་སྐོར་ཁེ་ལས་བཤམས་སྟོན་ཁུལ། ཡུལ་སྐོར་ཐོན་རྫས་བཤམས་སྟོན་ཁུལ་སོགས་བཤམས་སྟོན་ཁུལ་8ཀྱིས་གྲུབ་ཡོད་ལ། ཁུལ་དང་གྲོང་ཁྱེར་16ལ་བཤམས་སྟོན་ཁང་རེ་ཡོད། བདེ་ཆེན་བཤམས་སྟོན་ཁང་གིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་བརྫོད་གཞི་བྱས་ཡོད་ལ། ཡུན་ནན་ནུབ་ཕྱོགས་ཀྱི་ཡུལ་སྐོར་སྐོར་ལམ་དང་རིག་ལྡན་ཡུལ་སྐོར་གསང་སྤྱོད་ཁང་། དངོས་མིན་ཤུལ་བཞག་ལས་གཞིའི་ཉི་ཤར་རྫ་ནག་དང་བོད་ཀྱི་པར་བརྐོ་ལག་རྩལ་སོགས་ཀྱི་ཐོན་རྫས་སྣ་ཚོགས་ཡོད་དེ། བདེ་ཆེན་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འདྲེས་འདུས་འཕེལ་རྒྱལ་ཀྱི་རྣམ་པ་ཡོངས་སུ་མངོན་ཐུབ་པ་བྱས་ཡོད།


ཡུན་ནན་ནུབ་ཕྱོགས་ཀྱི་ཡུལ་སྐོར་སྐོར་ལམ་ནི་ཡུན་ནན་ཞིང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུར་བརྩོན་གྱིས་རྒྱལ་ཁབ་ཀྱི་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འབྲི་ཆུའི་དཔལ་འབྱོར་བརྒྱུད་ལམ་འཛུགས་སྐྲུན། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བཅས་ལ་འདྲེས་འདུས་དང་ཞབས་ཞུ་བསྒྲུབ་རྒྱུ། དེ་མིན་ཡུན་ནན་ནུབ་ཕྱོགས་ས་ཁུལ་གྱི་ས་བབས་གནས་ཡུལ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་བཏོན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་རེད།

ཡུལ་སྐོར་གསང་སྤྱོད་ཁང་ནི་ཡུལ་སྐོར་ལམ་ཐིག་སྟེང་གི་མེད་དུ་མི་རུང་བའི་འཚོ་བའི་སྒྲིག་ཆས་ཤིག་ཡིན་ལ། ཡུལ་སྐོར་ཞབས་ཞུའི་ཚད་རིམ་མཐོ་དམའི་ཐད་ཀར་ཀྱི་མྱོང་རོལ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཡུལ་སྐོར་ལས་རིགས་ཀྱི་དཔལ་ཡོན་གོང་འཕེལ་གྱི་མཚོན་བྱེད་གཙོ་བོ་ཞིག་ཡིན་པ་རེད། བདེ་ཆེན་ཡུལ་སྐོར་བཤམས་སྟོན་ཁང་ནང་གི་ཡུལ་སྐོར་འཕེལ་རྒྱས། སྤྱོད་ཁང་བསྒྱུར་བཅོས་ཞེས་པའི་སྦྱར་ཡིག་དེ་མིག་ལ་ཐོགས་ཡོང་ལ། བཤམས་སྟོན་ཁང་ནང་དུ་བཟོ་བཅོས་བྱེད་རུང་བའི་སྤྱོད་ཁང་གི་དཔེ་དབྱིབས་ཤིག་ཀྱང་བཤམས་ཡོད།

ཉི་ཤར་རྫ་ནག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་ཕབ་གློག་བརྙན་རོ་འཛིན་གྱི་རྩེ་མོའི་ཀྲུང་གོ་ཞེས་པའི་ལས་ཚན་ལས་ཐབ་ཚང་གི་གསང་བའི་ལེའུ་དེའི་ནང་སྟོན་རྗེས་རྒྱལ་ཡོངས་ལ་གྲགས་ཤིང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྫ་ཆས་ཤིག་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཡིན་པའི་ཆ་ནས། ཉེ་བའི་ལོ་འདི་དག་གི་རིང་ལ་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་ཉི་ཤར་རྫ་ནག་གིས་འཚོ་བའི་རྒྱུན་བཀོལ་གྱི་ཡོ་བྱད་སྣ་ཚོགས་བཟོས་ཤིང་། རིག་གནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཐོན་རྫས་སྣ་ཚོགས་ཐོན་པས་རྒྱ་ཆའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། བདེ་ཆེན་གྱི་མཚོན་བྱེད་རང་བཞིན་ཅན་ཀྱི་ཐོན་རྫས་ཤིག་ཡིན་ཞེས་བརྫོད་ཆོག ཐེངས་འདིའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་བཤམས་སྟོན་ཁང་ན་ཡང་ཉི་ཤར་རྫ་ནག་བཤམས་ཡོད་ལ། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

དངོས་མིན་ཤུལ་བཞག་རིག་གནས་ཀྱི་བཤམས་སྟོན་ཁང་གི་བདེ་ཆེན་གྱི་བཤམས་སྟོན་ཁང་དུ་སེམས་ཀྱི་ཉི་ཟླའི་པར་བརྐོ་གྲྭ་ཚང་གི་གནའ་བོའི་པར་ཤིང་བཤམས་སྟོན་བྱས་ཡོད། བདེ་ཆེན་བོད་ཀྱི་པར་བརྐོའི་ལག་རྩལ་ལ་2017ལོའི་ཟླ་བ་6པའི་ཚེས་2ཉིན་ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ལས་ཚབ་བྱེད་རང་བཞིན་ཅན་གྱི་ལས་གཞིའི་མིང་ཐོའི་ནང་ཚུད་པས། པར་བརྐོའི་ལག་རྩལ་སྔར་ལས་ལྷག་པར་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ཆ་རྐྱེན་བཟང་བོ་སྐྲུན་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།