ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་སྟེ་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201906131343359866701989.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་6ཚེས་11ཉིན། ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཟམ་ཆེན་ཨང་2པའི་Tཀ་བ་འཛུགས་འགོ་ཚུགས་པ་རེད། འདི་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐོག་གི་Tཀ་བ་དང་པོ་དེ་འཛུགས་པ་ཡིན་པ་དང་། དེས་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་ཐོན་པ་མཚོན་གྱི་ཡོད་པ་རེད།

ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་ནུབ་རྒྱུད་ཀྱི་ལྕགས་ལམ་དྲ་བའི་འཆར་འགོད་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན།  ལམ་ཐིག་ཡོངས་ལ་སྤྱི་ལེ་139.8ཡོད་པ་དང་། ཟམ་པ་དང་ཕུག་ལམ་གྱིས་བཟུང་ཚད་73% ཡིན་པ།  རྒྱལ་ཁབ་ལྕགས་ལམ་Iརིམ་པའི་གློག་ཤུགས་ཅན་གྱི་ལྕགས་ལམ་རྐྱང་མ་ཡིན་པ།   འགྲུལ་སྐྱེལ་མེ་འཁོར་གྱི་མྱུར་ཚད་དམིགས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་120ཡིན་པ་བཅས་རེད། ལྕགས་ལམ་དེས་སྔ་རྗེས་སུ་གཡུ་ལུང་གངས་རི་དང་། ཧ་པ་གངས་རི། སྟག་མཆོང་གྲོག་རོང་སོགས་ཡུལ་ལྗོངས་གྲགས་ཅན་དག་བརྒྱུད་རྒྱུ་ཡིན་པས། “ཆེས་མཛེས་པའི་མཁའ་ལམ་”ཞེས་འབོད་ཀྱི་ཡོད་པ་རེད།

F201906131343407696701990.jpg

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་4པ་ནས་བཟུང་། ས་ཁམས་ཁོར་ཡུག་གི་ཚོད་འཛིན་ཕོག་པས། ལོ་རེའི་ཟླ་4པ་ནས་ཟླ་10པ་བར་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་འཛོམས་ཀྱི་ཡོད། འཛུགས་སྐྲུན་བྱེད་མཁན་གྱིས་ལ་དུག་དང་། ས་གཡོའི་གཏོར་ཚད་ཆེ་བ། ས་གཤིས་ཀྱི་ཉེན་ཁ་ཆེ་བ། འགྲིམ་འགྲུལ་སྟབས་མི་བདེ་བ། འཛུགས་སྐྲུན་རྒྱུ་ཆ་བཀོད་སྒྲིག་བྱ་རྒྱུ་དཀའ་བ་སོགས་ཀྱི་དཀའ་ངལ་མང་པོ་བཟོད་ནས། བློ་གཅིག་སེམས་གཅིག་གིས་སྒྲིག་འཛུགས་དང་། ཉིན་མཚན་མེད་པར་འབད་འཐབ།  ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བཅས་བྱས་པས་ལོ་དེའི་ཟླ་9པར་Tཀ་བ་ཞིག་ཐོན་སྐྱེད་བྱས་པ་མ་ཟད། ད་དུང་བདེ་བླག་ངང་རྒྱལ་ཁབ་རིམ་པའི་ར་སྤྲོད་ངོས་འཛིན་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།