ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་བའི་ཚེས་ལྔའི་གུང་གསེང་སྐབས་བདེ་ཆེན་གྱིས་ཡུལ་སྐོར་བ་མི་གྲངས་ཁྲི་32.2སྣེ་ལེན་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བའི་ཚེས་ལྔའི་གུང་གསེང་སྐབས་སུ།  བདེ་ཆེན་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མ་ལག་གིས་གུང་གསེང་སྐབས་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབས་པ་དང་དུས་ཡུན་ཉིན་གསུམ་དུ་ཁྱོན་བསྡོམས་མི་ཐེངས་322526སྣེ་ལེན་བྱས་པ་དང་ན་ནིང་གི་དུས་མཚུངས་ལས་2.38འཕར་བ།  ཡུལ་སྐོར་ཡོང་འབབ་སྒོར་ཁྲི་19628.97བྱུང་བ་དང་ན་ནིང་གི་དུས་མཚངས་ལས་5.83འཕར་བ་རེད།

ད་ལོའི་ལྔ་བའི་ཚེས་ལྔའི་གུང་གསེང་སྐབས་སུ་ཡུལ་སྐོར་བ་གཙོ་བོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་འབའ་ལྷག་དཀར་རྫོང་།  ཁ་བ་དཀར་པོ།  སུམ་རྩེན་གླིང་ལྗོངས་ཁུལ་སོགས་སུ་གཅིག་བསྡུས་བྱས་ཡོད་ལ།  རང་ཁུལ་གྱིས་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་རྟ་རྩལ་འགྲན་བསྡུར།  མི་རིགས་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་མི་སྒེར་རྣམ་གྲངས་འགྲན་བསྡུར།  ན་གཞོན་གླུ་གཞས་འགྲན་བསྡུར།  ཀྲུང་གོའི་ཡུལ་སྐོར་ཚོགས་པའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་དབུལ་སྐྱོར་ལམ་ཐིག་གི་གོ་ལ་ཧྲིལ་པོའི་འགོ་ཚུགས་ཡོངས་བསྒྲགས་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྣ་མིན་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བ་རྣམས་གུང་གསེང་གཏོང་བའི་དུས་མཉམ་དུ་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།