ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་གཟབ་རྒྱས་ངང་འགོ་ཚུགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་སྐབས་དང་བོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤྱི་ཟླ་6པའི་ཚེས་7ཉིན་གྱི་སྔ་དྲོར་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་སྤེལ་ཞིང་། སེམས་ཀྱི་ཉི་ཟླའི་མི་རིགས་སོ་སོའི་མི་དམངས་མང་ཚོགས་དང་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་སོགས་གནས་འདིར་འཛོམས་ཏེ། མཉམ་གཅིག་ཏུ་རླབས་ཆེན་གྱི་དུས་རབས་ལ་བསྟོད་གླུ་ཕུལ་ཞིང་།མཉམ་དུ་དུས་ཆེན་གྱི་རྒྱས་སྟོན་ལ་རོལ་ནས། མེས་རྒྱལ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

 བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་སྐབས་དང་བོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་འགོ་བརྩམས་པ་ཡོངས་བསྒྲགས་བྱེད་པ།

འཁྲབ་ཚན་དང་པོ། སྙན་འཇེབས་ཀྱི་རྟ་ཕོའི་རྨིག་སྒྲ།

འཁྲབ་ཚན་གཉིས་པ།  རྟ་ཕོའི་གོམ་འགྲོས་བར་གྱི་གྱེས་ཁའི་གདུང་བ།

འཁྲབ་ཚན་གསུམ་པ།  མདུན་སྐྱོད་ཀྱི་ལམ་ཐག་རིང་པོ།

འཁྲབ་ཚན་བཞི་པ།  རྟ་ཕོའི་ལྕགས་ཀྱིས་སྐུལ་ནས་དུས་རབས་གསར་པར་སྙེག་པ།       

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་སྐབས་དང་བོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་རྟ་རྒྱུག་རུ་ཁག་ཡོད་པ་མ་ཟད། ཁྱིམ་མཚེས་བོད་ཁུལ་ཀྱི་དཀར་མཛེས་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་ཏ་ལི་ཁུལ། པོ་ཧྲན་གྲོང་ཁྱེར་སོགས་ནས་ཡོང་བའི་རྟ་རྒྱུག་རུ་ཁག་14ཐེངས་འདིའི་འབྲེལ་ཡོད་ཀྱི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ཡོད་རེད། ཐེངས་འདིའི་བྱེད་སྒོར་རྟ་རྒྱུག་གི་འགྲན་བསྡུར་སྣ་ཚོགས་ཡོད་པ་མ་ཟད། དེ་མིན་མི་རིགས་དམངས་ཁྲོད་ཀྱི་མི་སྒེར་ལུས་རྩལ་འགྲན་བསྡུར་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གླུ་གར་འཁྲབ་སྟོན། ན་གཞོན་གླུ་གཞས་འགྲན་བསྡུར། སྐབས་དང་བོའི་ཐང་ཆེན་བྲོ་གར་འགྲན་བསྡུར། དངོས་མིན་ཤུལ་བཞག་རིག་གནས་ཀྱི་སྲོལ་རྒྱུན་བཟོ་ལས་ལག་རྩལ་འགྲེམ་སྟོན། ཀྲུང་གོ་ཡུལ་སྐོར་ཚོགས་པའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་དབུལ་སྐྱོར་འཛམ་གླིང་ཡོངས་ནས་སྤེལ་བའི་ཡོངས་བསྒྲགས་གྲོས་ཚོགས་སོགས་བྱེད་སྒོ་སྣ་ཚོགས་ཡོད་དེ། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་འགྲེམ་སྟོན་ཐེངས་ཤིག་བྱ་ངེས་ཡིན་ལ། བྱེད་སྒོ་སྣ་ཚོགས་ཡོངས་སུ་འགྲུབ་པར་དུས་ཡུན་ཉིན་14ཡོད་པ་རེད། 

འགོ་ཚུགས་མཛད་སྒོ་ཐོག་གི་རྟ་རྩལ་འཁྲབ་སྟོན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།