ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ཚོང་སྦྲེལ་མཐུད་ཀྱིས་བོད་ཁུལ་གྱི་ཞིང་ལས་ཐོན་རྫས་གྲོང་གསེབ་ནས་གྲོང་ཁྱེར་དུ་ཚོང་རྒྱུར་རོགས་རམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཡུན་ནན་བདེ་ཆེན་དུ་གཉེར་བའི་ཞིང་ལས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུན་བྱེད་སྒོའི་སྟེང་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡོང་བའི་རྫོང་དབུལ་པོ82ཀྱི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་སྣ་ཁ800ལྷག་ཙམ་བཏོན་པར། རྒྱལ་ཡོངས་ས་གནས་ཁག་གི་ཉོ་སྒྲུབ་ཚོང་པའི་དགའ་བསུ་ཐོབ་པ་དང་འབྲེལ། ཉོ་སྒྲུབ་ཀྱི་ངོ་འཕྲད་གྲོས་མོལ་བྱུང་ནས་ཡུལ་དངོས་སུ་སྒོར་དུང་ཕྱུར10.2ཟིན་པའི་གན་རྒྱ་བཞག་པ་རེད།

“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས“གྲོང་གསེབ་ནས་གྲོང་ཁྱེར་དུ་ཚོང་རྒྱུ”དང་ཞིང་ལས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་ཆེད། ཞིང་ལས་གྲོང་གསེབ་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་ད་ཐེངས་ཀྱི་བྱེད་སྒོ་གཙོ་གཉེར་བྱས་པ་རེད། དེ་ནི2019ལོའི་རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་ཚོང་ཟོག་སྦྲེལ་མཐུད་བྱ་སྤྱོད་ཀྱི་ནང་དོན་གཙོ་བོ་ཞིག་ཀྱང་རེད། 

ཡུན་ནན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཞེ་ཧུའེ་ཡིས་ཐོན་རྫས་སྦྲེལ་མཐུད་བྱེད་སྒོའི་ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད་པ་རེད། 

ཐེངས་འདིའི་བྱེད་སྒོས་བོད་རིགས་ས་ཁུལ་གྱི་རྫོང་དབུལ་པོའི་ཞིང་ལས་ཐོན་རྫས་ཚོང་ཟོག་སྦྲེལ་མཐུད་གཙོ་བོར་བྱས་ནས་མངགས་ཐོ་དང་ངོ་འཕྲད་གྲོས་མོལ་འབུར་དུ་ཐོན་པའི་སྒོ་ནས་ས་ཁོངས་རང་བཞིན་གྱི་ཐོན་ཚོང་སྦྲེལ་མཐུད་ལས་སྟེགས་བསྐྲུན་ཡོད། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས“གྲོང་གསེབ་ནས་གྲོང་ཁྱེར་དུ་འཚོང་རྒྱུར”སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཆེ་གྲས་སོགས་ཁྲོམ་རའི་འཁོར་རྒྱུག་བྱེད་པོ“གྲོང་གསེབ་དང་ཐོན་ཁུལ་དུ་བསྐྱོད་རྒྱུར”སྣེ་ཁྲིད་བྱས་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཐོན་སྐྱེད་བདག་གཉེར་བྱེད་པ་དང་ངོ་འཕྲད་གྲོས་མོལ་བྱས་ཏེ་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁྲོམ་ར་ནས་མགྱོགས་མྱུར་ངང་འཁོར་རྒྱུག་བྱེད་པའི་ལམ་བུ་བཏོད་རྒྱུ་དེའོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།