ཀྲུང་གོ་བོད་ཀྱི་དྲ་བ།

​2019ལོའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་བསྡུར་ཟླ6པའི་ཚེས7ཉིན་འགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཀུང་སིས2019ལོའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དུས་ཆེན་ཟླ6པའི་ཚེས7(ལྔ་བའི་ཚེས་ལྔའི་དུས་ཆེན)ཉིན་འགོ་རྩོམ་རྒྱུ་དང་འགྲན་ཡུན་ཉིན14རིང་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། སྐབས་དེར་སི་ཁྲོན་དཀར་མཛེས་དང་ཡུན་ནན་སོགས་ཁུལ་དང་གྲོང་ཁྱེར་མང་པོའི་རྟ་རྒྱུག་རུ་ཁག་གིས་རྩལ་འགྲན་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་ཁྲི35ཙམ་སྣེ་ལེན་བྱ་རྒྱུ་ཡིན་པ་རེད།

ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་སྟོན་བྱེད་སྒོ་འགངས་ཆེན་གྱི་གྲས་ཤིག་ཡིན་པ་དང་། སེམས་ཀྱི་ཉི་ཟླའི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་འགྲན་བསྡུར་དང་དམངས་ཚོགས་རྣམས་ཆེས་དགའ་བའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་གྱི་རྣམ་གྲངས་ཞིག་ཡིན་ལ། དེ་ནི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་དམངས་ཁྲོད་དུ་རང་འགུལ་ངང་སྒྲིག་འཛུགས་བྱས་པའི“ཟླ་ལྔ་པའི་རྟ་རྒྱུག་འགྲན་ཚོགས”དེ་ཡིན་ཞིང་། 1997ལོར“སེམས་ཀྱི་ཉི་ཟླའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན”ལ་དངོས་སུ་མིང་བསྒྱུར་བ་རེད། འགྲན་བསྡུར་ལ་གཙོ་བོ་རྟ་རྩལ་འགྲན་བསྡུར་དང་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་མི་སྒེར་གྱི་རྣམ་གྲངས་འགྲན་བསྡུར་ཁག་གཉིས་ཚུད་ཡོད། 

སྔ་ལོ་དང་བསྡུར་ན་སྐབས་འདིའི་རྟ་རྒྱུག་དུས་ཆེན་གྱི་གཞི་ཁྱོན་སྤྱི་ཡོངས་ནས་ཆེན་པོ་ཡོད་ཅིང་། རིག་རྩལ་འཁྲབ་སྟོན་དང་། རྟ་རྩལ་འཁྲབ་སྟོན། རྟ་རྩལ་འགྲན་བསྡུར། མི་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་ལུས་རྩལ་གྱི་མི་སྒེར་གྱི་རྣམ་གྲངས་འགྲན་བསྡུར་སོགས་སྲོལ་རྒྱུན་བྱེད་སྒོ་ཚུད་པ་ཕུད། ད་དུང་སེམས་ཀྱི་ཉི་ཟླའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་རོལ་དབྱངས་འགྲེམས་འཁྲབ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་སྒྱུ་རྩལ་འགྲེམས་སྟོན་སོགས་ཁྱད་ལྡན་བྱེད་སྒོ་ཡང་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།