ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་སྐབས་བདུན་པའི་མཁའ་ལམ་རིག་གནས་ཡུལ་སྐོར(བདེ་ཆེན)འོས་སྦྱོར་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྡུ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་སྐབས་བདུན་པའི་མཁའ་ལམ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟླ6བའི་ཚེས5ནས7བར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྡུ་རྒྱུ་རེད། བདེ་ཆེན་ཁུལ་གྱིས་འོས་སྦྱོར་ཚོགས་འདུ་འདིར་བརྟེན་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཟོང་རྟགས་སྔར་ལས་འོས་སྦྱོར་བྱ་རྒྱུ་དང་། མཁའ་ལམ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ་འཚོལ་ཞིབ་བྱས་ཏེ་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་ཚོམས་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་རྒྱུ་རེད།

རྒྱུས་ལོན་ལྟར་ན། མཁའ་ལམ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ནི་ཡུན་ནན་ཞིང་ཆེན་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ནང་ཞུགས་ནས་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡའི་ཤར་ལྷོ་ས་ཁུལ་གྱི་ཁྱབ་འགྱེད་ལྟེ་གནས་ལ་ཁ་གཏད་དེ་འཛུགས་སྐྲུན་བྱེད་པ་དང་། ཡུལ་སྐོར་གྱི་སྟོབས་ལྡན་ཞིང་ཆེན་དང་དམངས་སྤྱོད་མཁའ་ལམ་གྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། “མཁའ་ལམ+ཡུལ་སྐོར”འཕེལ་རྒྱས་རྣམ་པ་གསར་བ་ཞིག་མངོན་འགྱུར་བྱུང་ནས་སྔ་རྗེས་སུ་ས་དམ་རྫོང་དང་། ཝུན་ཧྲན། པོའོ་ཧྲན་སོགས་ཀྱི་ཁུལ་དང་གྲོང་ཁྱེར་དུ་སྐབས་དྲུག་སྤེལ་ཟིན། 

སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ལ། དེ་ཡུན་ནན་གནམ་གྲུ་ཐང་ཚོགས་པ་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་གཙོ་སྒྲུབ་བྱས་ཤིང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མཉམ་འཛོམས་ཞེས་པ་བརྗོད་གཞིར་བཟུང་སྟེ་མཁའ་ལམ་རིག་གནས་ཡུལ་སྐོར་གྱི་གླེང་སྟེགས་འཚོག་ནས་གཙོ་བོ་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེན་མོའི་ས་ཁོངས་ཕན་ཚུན་སྦྲེལ་ནས་མཁའ་ལམ་རིག་གནས་ཡུལ་སྐོར་ཐོན་རྫས་མཉམ་སྦྱོར་འཕེལ་རྒྱས་བྱུང་བ་དང་། མཁའ་ལམ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐབས་ལམ་གསར་བའི་ཐད་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། འཛམ་གླིང་གི་ཆེས་ལེགས་པའི་བདེ་ཐང་འཚོ་བའི་དམིགས་ས་སྐྲུན་རྒྱུ་རེད། ཚོགས་ཞུགས་མི་སྣས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་ལ་གཟིགས་སྐོར་དང་བརྟག་ཞིབ་བྱ་རྒྱུ་ཡིན་ལ། ད་དུང་ཡུན་ནན་གནམ་གྲུ་ཐང་ཚོགས་པ་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་སོགས་ཀྱི་སྡེ་ཁག་དང་མཉམ་ལས་གན་རྒྱའང་འཛུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།