བདེ་ཆེན་ཁུལ་གྱི་གྲོང་གསེབ་སློབ་མས་འབྲིང་རིམ་ལས་རིགས་སློབ་གྲྭར་ཞུགས་ན་སྒོར2500ཡི་རོགས་དངུལ་སྤྲོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  བདེ་ཆེན་ཁུལ་གྱིས་འབྲིང་རིམ་ལས་རིགས་སློབ་གསོའི་གྲོང་གསེབ་སློབ་མ་ཡོངས་ལ་ཁྱབ་པའི་ཚོད་ལྟ་ལས་ཀ་བྱེད་འགོ་ཚུགས།  རང་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་ནས་མཐར་ཕྱིན་ཏེ་སློབ་རིམ་འཕར་མི་ཐུབ་པའི་གྲོང་གསེབ་ཁྱིམ་ཐོ(གྲོང་གསེབ་ནས་གྲོང་ཁྱེར་འགྱུར་བའང་གཏོགས་པ)ཡིན་པའི་སློབ་མ་ཡིས་སློབ་འབྲིང་དང་དེའི་ཡན་ཆད་ཀྱི་སློབ་ཐོན་ལག་ཁྱེར་བརྟེན་ནས།  ཚོད་ལྟའི་འགན་ཁུར་བའི་སློབ་གྲྭ་28ལ་སོང་ནས་འབྲིང་རིམ་ལས་རིགས་སློབ་གྲྭར་ཞུགས་ན་སྒོར་2500ཡི་འཚོ་བའི་རོགས་དངུལ་སྤྲོད་རྒྱུ་རེད།

རོགས་སྐྱོར་གྱི་ཚད་གཞི་ནི་དམའ་འབྲིང་འགོ་ཚུགས་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་སློབ་གྲྭར་ཡོད་པའི་སློབ་ལོ་དང་པོ་དང་སློབ་ལོ་གཉིས་པ་དང་།  མཐོ་འབྲིང་ནས་འགོ་ཚུགས་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་སློབ་གྲྭར་ཡོད་པའི་སློབ་ལོ་དང་པོར་སློབ་མ་རེ་ལ་ལོ་རེར་སྒོར་2500ཡི་འཚོ་བའི་རོགས་དངུལ་སྤྲོད་རྒྱུ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།