སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྔ་པའི་རྟ་རྒྱུག་གི་ལས་ཀར་གྲ་སྒྲིག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྟར་གྱི་ཧོར་ཟླ་ལྔ་པའི་ཚེས་ལྔ་ཉིན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྔ་པའི་རྟ་རྒྱུག་ཡིན་ལ།  དུས་དེ་སླེབས་ལ་ཉེ་བའི་སྐབས་སུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྟ་རྒྱུག་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་ནམ་ཟླའི་ཡུལ་སྐོར་ཞེས་པའི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཆེད་དམིགས་བཀོད་སྒྲིག་ཚོགས་འདུ་འཚོགས།

(པར་འདི་དག་ནི་2018ལོའི་ལྔ་པའི་རྟ་རྒྱུག་གི་གནས་ཚུལ་ཡིན།)

ཚོགས་འདུའི་ཐོག་ལྔ་པའི་རྟ་རྒྱུག་གི་འབྲེལ་ཡོད་གྲ་སྒྲིག་ལས་ཀ་བཀོད་སྒྲིག་བྱས་པ་དང་། དུས་ཆེན་གྱི་ཁོར་ཡུག་དང་བདེ་སྐྱོང་ཁོར་ཡུག  སྐྱེ་ཁམས་ཁོར་ཡུག་ལ་གཙང་སྒྲིག་དང་དག་ཐེར་བྱེད་དགོས་པ་དང་།  དྲིལ་བསྒྲགས་གནས་འཕྲིན་ཤུགས་ཆེར་གཏོང་སྟེ་བདེ་བླག་དང་སྤྲོ་པོ།  དཔལ་ཡོན།  འཆམ་མཐུན་གྱི་དུས་ཆེན་གྱི་སྣང་ཚུལ་སྐྲུན་ནས་མི་རིགས་སོ་སོའི་མང་ཚོགས་དག་ལ་དགའ་སྤྲོ་ལྡན་པའི་དུས་ཆེན་རོལ་དུ་བཅུག་དགོས་ཞེས་ནན་བཤད་བྱས།

ད་ལོའི་ལྔ་པའི་རྟ་རྒྱུག་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་ནམ་ཟླའི་ཡུལ་སྐོར་ཞེས་པའི་ཡུལ་སྐོར་རིག་གནས་དུས་ཆེན་གྱིས་མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་དུས་སྟོན་འགྲན་བསྡུར་བཞེངས་སྐྲུན་བྱེད།   སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ལོངས་སྤྱོད་བྱེད་པ་དང་སྤུས་རྟགས་ལེགས་གཏོང་མངོན་དུ་འགྱུར་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མགྲོན་པོ་རྣམས་ལ་སེམས་ཀྱི་ཉི་ཟླའི་དར་འཕེལ་གྲུབ་འབྲས་སྟོན་རྒྱུ་ཡིན་པ་དང་།  བོད་རིགས་གཙོ་བོ་བྱས་པའི་མི་རིགས་ཁག་གི་ཧུར་བརྩོན་ཡར་བསྐྱེད་དང་རྡོག་རྩ་གཅིག་སྒྲིག  འཆམ་མཐུན་བདེ་སྐྱིད་ཀྱི་སྣང་ཚུལ་སྤྲོ་པོ་མངོན་རྒྱུ་ཡིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།