བདེ་ཆེན་ཁུལ་གྱིས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་གྱིས་སྔོན་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་ཕྱོགས་གང་སར་ཁྱབ་གདལ་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་སློབ་གསོའི་དཔེ་སྟོན་སློབ་གྲྭ་བཙུགས་ནས། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ཁུལ་དུ་གཏོང་བའི་རྨང་གཞི་ཇེ་བརྟན་དུ་བཏང་། 

ཁུལ་བོད་ཡིག་སློབ་འབྲིང་དུ་སློབ་མ་ཚོས་སློབ་ཁྲིད་ཀྱི་སྐབས་སུ་བོད་སྐད་ཀྱི་ཞེ་ཚིག་སྤྱོད་པ་མ་ཟད། སློབ་གསེང་གི་འཚོ་བའི་ཁྲོད་དུའང་རྒྱུན་དུ་སློབ་གྲོགས་ཕན་ཚུན་བར་ལ་ཡང་གུས་ཚིག་སྤྱད་ནས་ལབ་གླེང་བཤད་བཞིན་ཡོད། སློབ་ཁྲིད་བྱེད་སྐབས་དགེ་རྒན་ཚོས་སློབ་སྦྱོང་དང་ལག་ལེན་བྱེད་ཞོར་དུ་བདེ་ཆེན་ཁུལ་གྱི་མི་རིགས་སློབ་མར་འཚམ་པའི་སློབ་གསོའི་ཐབས་ལམ་གསར་པ་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཡོད། “ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བཞིན་ཡོད། འདི་ནི་ང་ཚོ་བདེ་ཆེན་ཁུལ་གྱི་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་བཟང་པོ་དང་གཅིག་མཐུན་ཡིན། བོད་རིགས་དང་། ལི་སུའུ་རིགས། འཇང་རིགས་བཅས་ཚང་མས་ཞེ་ཚིག་སྤྱད་ནས་གུས་ཞབས་ཆེན་པོས་ཕན་ཚུན་ལ་བརྩི་འཇོག་བྱ་རྒྱུ་ནི་འཆམ་མཐུན་སྤྱི་ཚོགས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད།” སློབ་གྲྭ་དེའི་བོད་ཡིག་དགེ་རྒན་ཟླ་བ་སྒྲོལ་མས་སློབ་ཁྲིད་བྱེད་སྐབས། སློབ་གྲྭས་གསོན་ཉམས་དོད་པོས་བདེ་ཆེན་གྱི་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་དང་བོད་ཡིག་སློབ་ཁྲིད་མཉམ་འདྲེས་བྱས་པ་འདི་ནི། སློབ་གྲྭའི་སློབ་ཁྲིད་ཀྱི་ཁྱད་ཆོས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། 

རྒྱ་ཆེའི་དགེ་སློབ་ཚོས་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་ཀྲུང་ཧྭའི་རིག་གནས་ལ་དགའ་བའི་སེམས་འདུན་གཏིང་ཟབ་ཏུ་གཏོང་ཆེད། བདེ་ཆེན་ཁུལ་གྱིས་ལོ་རེའི་ཟླ་6པ་ནི་མི་རིགས་མཐུན་སྒྲིལ་སློབ་གསོའི་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་ཡོད་པ་དང་། སློབ་གྲྭ་ཚང་མས“དྲུག་ཅན་གཅིག”གི་བྱེད་སྒོ་སྤེལ་བ་སྟེ། “མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཐེངས་གཅིག་”དང་། “གྲངས་ཉུང་མི་རིགས་ཀྱི་དཔའ་བོར་རྒྱུས་ལོན་ཤེས་རྟོགས་བྱེད་པ” “མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཅིག་བཤད་པ” “གྲངས་ཉུང་མི་རིགས་ཀྱི་གླུ་གཞས་ཤིག་གཏོང་བ་” “མི་རིགས་མཐུན་སྒྲིལ་གྱི་རྩོམ་ཡིག་ཅིག་འབྲི་བ་” “མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པ་ཐེངས་ཤིག་བྱེད་པ”བཅས་ཀྱི་བླང་བྱ་བཏོན་པ་རེད། བྱེད་སྒོ་འདིས་རྒྱ་ཆེའི་དགེ་སློབ་ཚོའི་སེམས་ཁོངས་སུ་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེའི་མེ་ཏོག་མཉམ་དུ་བཞད་པར་བྱས་ཡོད། 
       ཀུན་སྤྱོད་འཛུགས་སྐྱོང་ཐད།  རང་ཁུལ་གྱིས་ཕན་འབྲས་ལྡན་པའི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སློབ་མ་གཞི་རྟེན་དུ་བྱས་ཏེ་ཁྱིམ་བདག་དང་ཉེ་འཁོར་གྱི་མིའི་སྣེ་ཁྲིད་ཏེ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་འཛུགས་པར་ཧུར་ཐག་དང་། དུས་མཚུངས་སུ་སློབ་གསོ་ཅུས་དང་སློབ་གྲྭས་ཐབས་ལམ་སྣ་ཚོགས་སྤྱད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས། དཔལ་ཡོན་སློབ་གསོའི་བྱེད་སྒོ་སྤེལ་བའི་ཞིབ་ཕྲའི་ལས་ཀའི་ཇུས་གཞི་བཟོས་ཏེ་ཐུན་མོང་ཐོག་མཛེས་སྡུག་འཆམ་མཐུན་གྱི་བདེ་ཆེན་གྱི་ཁྱིམ་གཞི་གསར་པ་བསྐྲུན་ཤིང་། “ཀྲུང་གོའི་ཕུགས་འདུན་སློབ་དེབ་ནང་འཇུག་པ་དང་སློབ་ཚན་དུ་ཁྲིད་པ། བསམ་བློའི་ནང་འཛིན་པ”དང་།  “ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་གྲྭ་དང་སློབ་ཁང་དུ་ཁྱབ་གདལ་གཏོང་བ” ། “སྲིད་དོན་གཙང་སྐྱོང་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བ” སོགས་ཕུལ་བྱུང་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་རྩ་འཛུགས་བྱས་པ་བརྒྱུད་། བསམ་པ་བཟང་པོས་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཆོས་ཉིད་དར་སྤེལ་གཏོང་བ་བཅས་བྱས་ཏེ་གཞོན་ནུ་ལོ་ཆུང་གིས་བདེན་རྫུན་གསལ་འབྱེད། ལེགས་ཉེས་ཤེས་རྟོགས། དགེ་སྡིག་སྤང་བླངས་ཀྱིས་བླ་ན་མེད་པའི་ཀུན་སྤྱོད་བསམ་བློ་དོན་དུ་གཉེར་པར་བྱེད་དགོས།  གཏིང་ཟབ་སྒོས“ཡ་རབས་དར་སྲོལ་གསར་པ་དར་སྤེལ་བཏང་ནས་དཔལ་ཡོན་སློབ་གྲྭ་འཛུགས་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་དཔེ་བཟང་དང་མི་སེམས་འགུལ་བའི་བྱས་རྗེས་སྣ་ཚོགས་བརྙན་ལམ་དུ་དྲིལ་བསྒྲགས་དང་སྔོན་ཐོན་བྱས་རྗེས་འགྲེམས་སྟོན་སོགས་ལ་གཟིགས་པ་བརྒྱུད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་དཔེ་བཟང་ལ་སློབ་སྦྱོང་དང་དཔེ་སྟོན་སློབ་གསོའི་ཀུན་སྤྱོད་འཛུགས་སྐྱོང་དང་། ཀུན་སྤྱོད་གསར་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་བྱ་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།