ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལུང་རྫོང་ལི་ཏི་ཕིང་གི་སྟག་མའི་མེ་ཏོག་བཞད་པ་ཡག

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4བའི་ཟླ་མཇུག་ནས་བཟུང་ལི་ཏི་ཕིང་གི་སྟག་མའི་མེ་ཏོག་འབའ་ལུང་རྫོང་གི་གྲོགས་ཚོམས་སུ་ཁྱབ་ཅིང་དྲ་གྲོགས་མང་བོའི་བསྔགས་བརྗོད་ཚད་མེད་ཐོབ་པ་རེད། འདིར་ལྟར་ལི་ཏི་ཕིང་གི་སྟག་མའི་མེ་ཏོག་དྲ་ཐོག་ཏུ་བསྐུར་ཐེངས་ཇེ་མང་དང་ཁྱིམ་མཚེས་གཡས་གཡོན་གྱི་གླིང་གཞི་གཙོ་བོར་གྱུར་བ་དང་བསྟུན་ནས་རིམ་བཞིན་ས་གནས་ཀྱི་གྲོང་མི་མང་བོའི་ཞེན་ཆགས་སའི་གནས་སུ་གྱུར་བ་རེད།

ཟླ་4བའི་ཚེས་25ཉིན་ནས་བཟུང་ལི་ཏི་ཕིང་གི་སྟག་མའི་མེ་ཏོག་ལ་བལྟ་རུ་ཡོང་བའི་མི་རིམ་བཞིན་ཇེ་མང་དུ་སོང་ལ།ཉེ་ཆར། ཉིན་རེར་གནས་འདིའི་སྟག་མའི་མེ་ཏོག་ལ་བལྟ་རུ་ཡོང་བའི་ཆ་སྙོམས་མི་གྲངས་སྟོང་ལས་བརྒལ་བ་རེད། སྟག་མའི་མེ་ཏོག་ལ་བལྟ་རུ་ཡོང་བའི་མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་ཉེ་འཁོར་གྱི་གྲོང་མིས་ཡང་མི་སྣ་རྩ་འཛུགས་བྱས་ནས་དོ་དམ་གྱི་ལས་ཀ་ཡག་པོ་སྒྲུབ་བཞིན་ཡོད་དེ།གད་སྙིགས་གཙང་དག་དང་ཡུལ་སྐོར་བས་ཁུར་ཡོང་བའི་ཕག་ཤ་གྲོང་ནང་དུ་ཁུར་བར་བཀག་འགོག་བྱེད་པ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད།

རླངས་འཁོར་ལས་བབས་མ་ཐག་ནས་བཟུང་སྟག་མའི་མེ་ཏོག་གི་དྲི་ངད་ཕྱོགས་བཞིར་མཆེད་ཀྱིན་ཡོད་ལ། རི་ལུང་ཀུན་དུ་སྟག་མའི་མེ་ཏོག་གི་བརྒྱན་ཡོད་དེ། རང་ཉིད་ནི་མེ་ཏོག་གི་འཇིག་རྟེན་ཞིན་ཏུ་ཡོད་པའི་འཁྲུལ་སྣང་ཞིག་ངང་གིས་སྐྱེས་ཡོང་། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།