ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་ཏུ་ཡུལ་སྐོར་གྱི་ཅ་དངོས་ཉོ་སྒྲུབ་ཕྱིར་སློག་ལྟ་སྐུལ་དོ་དམ་ལྟེ་གནས་བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་དུས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏུ་ཡུལ་སྐོར་གྱི་ཅ་དངོས་ཉོ་སྒྲུབ་ཕྱིར་སློག་ལྟ་སྐུལ་དོ་དམ་ལྟེ་གནས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་གྱི་ཅ་དངོས་ཉོ་སྒྲུབ་བྱས་ན་ཉིན30ཡི་རིང་རྒྱུ་མཚན་མེད་པར་ཕྱིར་སློག་པའི་ལམ་སྲོལ་དངོས་སུ་བཙུགས་པ་མཚོན་ཡོད། དེས་ཡུལ་སྐོར་བས་བདེ་ཆེན་ཁུལ་ཁྱབ་ཁོངས་ཀྱི་གནས་གཏན་འཁེལ་གྱི་གཉེར་སྐྱོང་ཁུལ་དང་དེ་བཞིན་ལག་ཁྱེར་ཆ་ཚང་བའི་སྤྱི་ཚོགས་ཀྱི་ཚོང་ཟོག་སིལ་ཚོང་ཁེ་ལས(ཚོང་ཁང)ནས་ཉོས་པའི་ཡུལ་སྐོར་ཚོང་ཟོག་ཆ་རྐྱེན་དང་མཐུན་ཚེ་ཚང་མ་ཚོང་ཟོག་ཕྱིར་སློག་གི་རེ་ཞུ་འདོན་ཆོག་པ་མཚོན་ཡོད།

ལྟེ་གནས་དེས“མགྱོགས་མྱུར་ཐག་གཅོད་དང་མགྱོགས་མྱུར་སྐྱིན་ཚབ་སྤྲོད་པའི”རྩ་དོན་གཞིར་བཟུང། ཚོང་ཟོག་བཙོངས་ཉིན་ནས་བཟུང་གི་ཉིན30ཡི་རིང(བྲིན་འཚོང་གི་འཛིན་ཤོག་དུས་ཚོད་ལ་གཞི་འཛིན་རྒྱུ)རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་བྱ་རྒྱུ་དང་ཉིན90ཡི་རིང་ཚོང་ཟོག་བརྗེ་རྒྱུ་རེད། ཡུལ་སྐོར་བས“ལག་ཐོགས་ཁ་པར་ལ་བརྟེན་ནས་ཡུན་ནན་དུ་ཡུལ་སྐོར་ལ་སྐྱོད་པའི”ལས་སྟེགས་དང་། མི་དམངས་དྲ་བའི་ས་གནས་འགོ་ཁྲིད་ཀྱི་དྲན་འཆར་འགོད་དེབ། ཡུན་ནན་གྱི་ཡིག་བསྐུར་ངོ་བཅར་གྱི་ཆ་འཕྲིན་མ་ལག་སོགས་ཀྱི་དྲ་རྒྱའི་ལས་སྟེགས་ཐོག་ཚོང་ཟོག་ཕྱིར་སློག་དང་བརྗེ་རྒྱུའི་རེ་བ་འདོན་ཆོག་པའམ་ཡང་ན་ལྟེ་གནས་ཀྱི་ཐད་སྦྲེལ་ཁ་པར་རྒྱག་པ་དང་ས་གནས་ས་ཐོག་གི་བདག་སྤྲོད་ས་ཚིགས་སུ་བསྐྱོད་དེ་ཚོང་ཟོག་ཕྱིར་སློག་གམ་ཡང་ན་བརྗེ་པོ་རྒྱག་རྒྱུའི་རེ་བ་འདོན་ཆོག ལྟེ་གནས་དེས་ཡུལ་སྐོར་བས་བདེ་ཆེན་དུ་ཡུལ་སྐོར་བྱེད་རིང་ཉོས་པའི་ཡུལ་སྐོར་ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཆེད་འགན་འཁུར་བ་དང་། གཅིག་སྡུད་ཐོག་ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་རྒྱུའི་རེ་ཞུ་བདག་སྤྲོད་བྱེད་པ་དང་། ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་པའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་པའི་དུས་ཚད་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཆ་འཕྲིན་ཅན་གྱི་བྱེད་ཐབས་དང་གསར་འགྱུར་སྨྱན་སྦྱོར་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་སོགས་ཀྱི་དོ་དམ་བྱེད་ཐབས་ལ་བརྟེན་པ་དང་ཡོངས་བསྒྲགས་དང་། མགྱོགས་མྱུར། ནུས་ལྡན་བཅས་ཀྱི་ཐོག་ནས་ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་རྒྱུའི་རེ་ཞུ་བདག་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།