སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཉེ་དུས་ཀྱི་གཙོ་གནད་ལས་ཀ་སྒྲིག་བཀོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཉེ་དུས་ཀྱི་གཙོ་གནད་ལས་ཀ་སྒྲིག་བཀོད་གྲོས་ཚོགས་བསྡུས་ཤིང་། ནག་ཚོགས་གཙང་སེལ་དང་དབུལ་སྒྲོལ་འགག་སྒྲོལ། ཕག་པའི་འགོས་ནད།  ལས་བྱེད་པའི་སྒྲིག་ལམ་སོགས་ཀྱི་ཐད་ནས་ལས་ཀ་སྒྲིག་བཀོད་བྱས་པ་རེད། 

གྲོས་ཚོགས་ཀྱིས་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་སྐུལ་སྤེལ་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་ཐག་གཅོད་གལ་ཆེན་ཞིག་ཡིན་ཏེ། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཡུན་རིང་བརྟན་འཇགས་དང་འབྲེལ་བ་ཡོད་ལ། མི་སེམས་གཅིག་མཐུན་དང་གཞི་རིམ་གྱི་སྲིད་དབང་བརྟན་འཇགས་དང་འབྲེལ་བ་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནག་ཚོགས་གཙང་སེལ་གྱི་ལས་ཀ་སྐུལ་སྤེལ་བྱས་པ་ནས་བཟུང་ལས་ཀའི་ཕན་འབྲས་མངོན་གསལ་ཡིན་མོད། འོན་ཀྱང་རིམ་པ་སོ་སོའི་ནག་ཚོགས་གཙང་སེལ་གྱི་ལས་ཀ་དེ་གོང་རིམ་གྱི་རེ་འདུན་དང་བར་ཆད་ཆེན་པོ་ཡོད་པ་བསྟན། 

གྲོས་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ། ས་གནས་ཀྱི་ལས་ཀའི་གནས་ཚུལ་དངོས་ལ་གཞིགས་ཏེ། གཅིག་ནས་ཆབ་སྲིད་ཀྱི་དམིགས་ཚད་མཐོན་པོས་བསམ་བློ་གཅིག་གྱུར་ཡོང་བ་བྱེད་དགོས་ལ། གཉིས་ནས་ལས་འགན་གསལ་བོས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། གསུམ་ནས་གནད་དོན་གྱི་སྣེ་སྟོན་ནུས་པ་རྒྱུན་འཁྱོངས་ཀྱིས་གནད་དོན་དང་ཞན་ཕྱོགས་ལ་ལྟ་སྟངས་ཡག་པོ་འཛིན་དགོས་པ། བཞི་ནས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། ཏན་ཏིག་གིས་ནག་ཚོགས་གཙང་སེལ་གྱི་རྒྱུན་ཤེས་ཁོང་དུ་ཆུད་དགོས་པ་སོགས་ནན་གྱིས་བསྟན་པ་རེད། 

གྲོས་ཚོགས་ཀྱིས་ད་དུང་ཕག་པའི་འགོས་ནད་ལ་དམིགས་ནས་གྲོང་ཁྱེར་ཕྱོགས་ཀྱིས་ལྟ་རྟོག་ལ་ཤུགས་སྣོན་རྒྱག་དགོས་ལ། ཕྱོགས་ཡོངས་ནས་གནོད་མེད་ཐག་གཅོད་དང་འགོ་ཁུངས་གཙང་དག་གི་ལས་ཀ་ཡག་པོ་བསྒྲུབ་དགོས་ལ། དུས་མཚུངས་སུ་གནོད་མེད་ཐག་གཅོད་ཀྱི་ས་གནས་ལ་ལྟ་རྟོག་དོ་དམ་ནན་མོ་བྱེད་པ་དང་སྨྱན་སྦྱོར་གྱི་སྤྱི་ཚོགས་ལྟ་སྟངས་ལ་སྣེ་སྟོན་ཡག་པོ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད། །       

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།