ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ས་ན་ཡོད་པའི་བདེ་ཆེན་པས་ཕ་ཡུལ་དྲན་པའི་བརྩེ་བ་མཚོན་པར་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན།   སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་སྐབས་གསུམ་པ་དང་པེ་ཅིང་དུ་སྡོད་པའི་བདེ་ཆེན་གྱི་ཡུལ་ཕྱོགས་གཅིག་པའི་མི་སྣའི་ལོ་འཁོར་གྱི་བཞུགས་མོལ་ཚོགས་འདུ་སྐབས34པ་པེ་ཅིང་ནས་བསྡུས་པ་རེད།   རྒྱལ་ས་པེ་ཅིང་དུ་སློབ་སྦྱོང་དང་ལས་གཉེར། འཚོ་སྡོད་བྱེད་པའི་བདེ་ཆེན་བ་མི་བརྒྱ་ལྷག་གཞི་གཅིག་ཏུ་འཛོམས་ནས་ཕན་ཚུན་བར་ཕ་ཡུལ་དྲན་པའི་བརྩེ་སེམས་བརྗོད་པ་དང་།  སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པ་སོགས་བརྒྱུད་ནས་སེམས་ཀྱི་ཉི་ཟླའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།   

སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་ནང་ཞུགས་པའི་བདེ་ཆེན་བ་ཡོངས་ཀྱི་མཉམ་པར།

པེ་ཅིང་དུ་ལས་ཀ་གཉེར་བའི་བདེ་ཆེན་བ་ནི་ལོ་རེའི་ཐེངས་གཅིག་སྒྲུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་ནང་ཞུགས་མཁན་གཙོ་བོ་ཞིག་ཡིན། 

པེ་ཅིང་དུ་སློབ་གཉེར་བྱེད་པའི་བདེ་ཆེན་གྱི་སློབ་མ་རྣམས་ནི་ལོ་རེར་ཐེངས་གཅིག་སྒྲུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་ནང་ཞུགས་མཁན་གྱི་སྟོབས་གསར་ཡིན།  

པེ་ཅིང་དུ་སྡོད་པའི་བདེ་ཆེན་འབྲེལ་གཏུག་ཁྲུའུ་ཡིས་སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་སྐབས་གསུམ་པ་ལ་རྒྱབ་སྐྱོར་བྱས་ནས་ཧུར་ཐག་གིས་ཟབ་ཞུགས་བྱས་ཡོད། 

པེ་ཅིང་དུ་སློབ་གཉེར་བྱེད་པའི་བདེ་ཆེན་གྱི་སློབ་མ་རྣམས་ལོ་རེར་ཐེངས་གཅིག་སྒྲུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་གླེང་སྟེགས་ནང་ཞུགས་པར་དགའ་སྤྲོས་བརྟས་ཡོད།  

པེ་ཅིང་དུ་སྡོད་པའི་བདེ་ཆེན་གྱི་ཡུལ་མི་ཚོས་བདེ་ཆེན་གྱི་སྐོར་བྲོ་རྩེད་བཞིན་པ།  

 སྐལ་བཟང་ནོར་བུས་བྱམས་ལྡན་མའི་བསྟོད་པ་ཞེས་པ་དཀྲོལ་ནས་ཕ་ཡུལ་དྲན་པའི་བརྩེ་སེམས་མཚོན་པར་བྱས་ཡོད། 

པེ་ཅིང་དུ་བཅའ་སྡོད་བྱེད་པའི་བདེ་ཆེན་འབྲེལ་གཏུག་ཁྲུའུ་ཡིས་བཀྲ་ཤིས་པའི་བདེ་ཆེན་ཞེས་པའི་བྲོ་འཁྲབ་པ།  

ལོ་ཙཱ་བ་ཆི་ཅི་ཞན་གྱིས་ཚོགས་ཞུགས་སློབ་མ་རྣམས་ལ་དཔེ་གསར་སྦྱིན་པ།   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།