ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་དྲ་ལམ5Gཅན་གྱི་ཚོད་ལྟ་གནས་གཞི་ཐོག་མ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་དྲ་ལམ5Gཅན་གྱི་ཚོད་ལྟ་གནས་གཞི་ཐོག་མ་དེ་ཀྲུང་གོའི་སྤོ་འགུལ་ཡུན་ནན་ཀུང་སིའི་བདེ་ཆེན་ཡན་ལག་ཀུང་སིའི་འཕྲིན་གཏོང་ལྟེ་གནས་སུ་བདེ་བླག་ངང་ཤར་གཏོང་ཐུབ་པ་རེད།  དེས་ཡུན་ནན་སྤོ་འགུལ་ཀུང་སིའི་དྲ་ལམ5Gཅན་གྱི་ལག་རྩལ་དང་ལས་སྒོ་བེད་སྤྱོད་དུས་རིམ་གསར་པར་སླེབས་པ་དང་བདེ་ཆེན་དངོས་སུ་དྲ་ལམ5Gཅན་གྱི་དུས་རབས་སུ་སླེབས་པར་མཚོན་པ་རེད།

བདེ་ཆེན་གྱི་དྲ་ལམ5G་ཅན་གྱི་ཚོད་ལྟ་གནས་གཞི་ཐོག་མ་ཤར་གཏོང་ཐུབ་པས་ཁུལ་ཡོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་གོང་དུ་གཏོང་བ་དང་གྲངས་གཞིའི་དཔལ་འབྱོར་དར་འཕེལ་ལ་སྐུལ་འདེད་གཏོང་བ་ལ་ལམ་ཚད་རྡོ་རིམ་གྱི་དོན་སྙིང་ལྡན།    ཤར་གཏོང་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་རྣམས་ཀྱིསVRཐག་རིང་དུས་དངོས་བརྙན་བརྡ་དང་འཕྲིན་སྦྲེལ་དྲ་བའི་འགྲེམ་སྟོན།    བདེ་བའི་གྲོང་ཁྱེར།  གློག་རྡུལ་སྲིད་དོན།  ཤེས་རིག་ཡུལ་སྐོར།  གནད་སྨིན་དབུལ་སྐྱོར་སོགས་ཀྱི་རྣམ་གྲངས་ཉམས་ཞིབ་བྱས་པ་རེད།

དྲ་ལམ5Gཅན་ནི་རིམ་པ་ལྔ་ཅན་གྱི་སྤོ་འགུལ་འཕྲིན་གཏོང་ལག་རྩལ་གྱི་བསྡུས་མིང་ཡིན་ལ།  དེ་ནི་དྲ་ལམ4Gཅན་རྗེས་ཀྱི་ལག་རྩལ་གསར་གཏོད་ཞིག་ཡིན་པ་རེད།  དེར་མྱུར་ཚད་མཐོ་བ་དང་དུས་འགྱངས་དམའ་བ།  འབྲེལ་མཐུད་ཆེ་བའི་ཁྱད་ཆོས་ལྡན་ལ།  བེད་སྤྱོད་བྱེད་མཁན་ལ་མིག་མཐོང་ལག་ཟིན་པའི་ཡུལ་ལྗོངས་སྤྱན་གཟིགས་དང་ཐད་གཏོང་།  པར་ལེན་སོགསAR/VRཡི་ཉེར་སྤྱོད་ཉམས་ལེན་འདོན་སྤྲོད་བྱེད་ཐུབ།  

ཤེས་རྟོགས་བྱུང་བར་གཞིགས་ན།  ཀྲུང་གོའི་སྤོ་འགུལ་ཡུན་ནན་ཀུང་སིས2019ལོར་དྲ་ལམ5Gཅན་སྔོན་ཚོང་སྤྱོད་དང2020ལོར་གཞི་ཁྱོན་ཚོང་པར་དམིགས་འབེན་དུ་བྱས་པ་དང་།     ཟླ2པའི་ཚེས20ཉིན་གྱི་བར་དུ།    ཁུན་མིང་དང་ས་དམ།  ཏ་ལི།  ཡུས་ཞི། ལིན་ཚང་།  ཁྲུའུ་ཞུང་།  ཧུང་ཧོ། ཀྲའོ་ཐུང་། ཝན་ཧྲན། ཕུའུ་ཨེར།  ཆུས་ཅིང་།  ཞི་ཧྲོང་པན་ན།  བདེ་ཆེན་སོགས་ཁུལ་དང་གྲོང་ཁྱེར13དུ་དྲ་ལམ5Gཅན་གྱི་ཚོད་ལྟ་གནས་གཞི23ཤར་གཏོང་བྱས་ཡོད་པ་རེད།

ཀྲུང་གོའི་སྤོ་འགུལ་ཡུན་ནན་ཀུང་སིའི་བདེ་ཆེན་ཡན་ལག་ཀུང་སིས་དྲ་ལམ5Gཅན་གྱི་གཙོ་བོའི་ཆེད་ཁེ་ལག་རྩལ་གྱི་སྔོན་འགྲོའི་དགེ་མཚན་འདོན་སྤེལ་བྱེད་པ་དང་།  ཧུར་ཐག་གི་སྒོ་ནས་དྲ་ལམ5Gཅན་གྱི་བཀོད་སྒྲིག་བྱེད་ཚུལ་ལ་སྐུལ་སྤེལ་བཏང་ནས།  བདེ་ཆེན་གྱི་སྲིད་དོན་དང་ཞིང་ལས།  ཡུལ་སྐོར།  འགྲིམ་འགྲུལ། དཔལ་འབྱོར།  སྐྱེ་ཁམས།  དངུལ་རྩ།  སྨན་བཅོས།  སློབ་གསོ།  ཤེས་རིག་གྲོང་ཁྱེར།  ཤེས་རིག་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་དར་འཕེལ་ལ་རམ་འདེགས་བྱེད་རྒྱུ་ཡིན་པ་མ་ཟད།  བདེ་ཆེན་གྱི་གྲངས་གཞིའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་དང་།    གྲངས་གཞིའི་ཡུན་ནན་ཞེས་པ་དང་ཤེས་རིག་སྤྱི་ཚོགས་འཛུགས་སྐྲུན་ལ་སོགས་ལ་སྐུལ་སྤེལ་གཏོང་རྒྱུ་རེད། །       

རྩོམ་སྒྲིག་པ། : ཀླུ་མོ་མཚོ།