ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་བདེ་ཆེན་གྱི་དཔལ་འབྱོར་རྒྱལ་ཡོངས་བོད་ཁུལ་གྱི་ཨང་དང་པོར་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

675b9289-cc90-4010-9787-86c046ed398b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར། ཁུལ་ཡོངས་ཀྱིས་བསྡོམས་རྩིས་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར217.52ལེགས་འགྲུབ་བྱུང་བ་དང9.5%འཕར་བས། འཕར་ཚད་དེ་རྒྱལ་ཡོངས་བོད་ཁུལ་གྱི་ཨང1པོར་སླེབས་པ་རེད། པའོ་ཧྲན་གྲོང་ཁྱེར་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་གྱི་ཨང5པར་སླེབས་པ་རེད། འདིའི་ཁྲོད་དུ་ཐོན་ལས་དང་པོའི་རིན་ཐང་འཕར་ཚད་དེ་སྒོར་དུང་ཕྱུར12.56ལེགས་འགྲུབ་བྱུང་བ་དང་འཕར་ཚད་ནི6.2%ཡིན་པ་རེད། ཐོན་ལས་གཉིས་པའི་རིན་ཐང་འཕར་ཚད་དེ་སྒོར་དུང་ཕྱུར90.16ལེགས་འགྲུབ་བྱུང་བ་དང་འཕར་ཚད་ནི15.3%ཡིན་པ་རེད། ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་དེ་སྒོར་དུང་ཕྱུར114.8ལེགས་འགྲུབ་བྱུང་བ་དང་འཕར་ཚད་ནི5.9%ཡིན་པ་རེད།

81d65849-1039-495c-82f3-51aa4e4d547d.jpg

ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་ཐད་གཙོ་བོར་བརྟན་བརླིང་གཉིས་དང་འཕར་ཚད་བཞི་ཡི་འཁོར་རྒྱུག་རྣམ་པ་ཆགས་ཡོད་པ་རེད། བརྟན་བརླིང་གཉིས་ལས་གཅིག་ནི་ཞིང་ལས་ཀྱི་ཐོན་སྐྱེད་རྣམ་པ་བརྟན་བརླིང་ཡིན་པ་དང་། ཁུལ་ཡོངས་བསྡོམས་རྩིས་བྱས་ན་ཞིང་ནགས་ཕྱུགས་ཉ་ལས་བཅས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར21.61ཟིན་པ་དང་འཕར་ཚད་ནི6.2%ཡིན་པ་རེད། གཉིས་ནི་འཛད་སྤྱོད་ཐོན་རྫས་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་ཡིན་པ་རེད། ཁུལ་ཡོངས་བསྡོམས་རྩིས་བྱས་ན་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་ནི་སྒོར་དུང་ཕྱུར57.05ཟིན་པ་དང་། དུས་མཚུངས་ལས11%འཕར་ཡོད།

འཕར་ཚད་བཞི་ལས་གཅིག་ནི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་སྣོན་ཚད་མགྱོགས་པོ་ཡིན་པ། ཁུལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ནི་དུས་མཚུངས་ལས་འཕར་བ་དང་། འཕར་ཚད་དེ་རྒྱལ་ཡོངས་བོད་ཁུལ་དང་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་གྱི་ཨང3པར་སླེབས་པ་རེད། གཉིས་ནི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་གྲངས་བརྟན་པོའི་ངང་འཕར་བ། གསུམ་ནི་ནོར་སྲིད་ཀྱི་གཏོང་ཡོང་མུ་མཐུད་དུ་འཕར་བ། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མུ་མཐུད་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34411ལ་ཟིན་པ་དང་དུས་མཚུངས་ལས8%འཕར་བ། འཕར་ཚད་དེ་རྒྱལ་ཡོངས་བོད་ཁུལ་གྱི་ཨང5པ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་གྱི་ཨང8པ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།