ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ནི་དམངས་སེམས་ལས་གཞི་ཞིག་ཡིན་པ་དང་། 2018ལོའི་ཚུན་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་ཞིང་པ་བའི་ཐོན་སྐྱེད་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་ཤུགས་ཆེན་དང་གྲོང་ཁྱེར་དེ་གའི་ཞིང་ལས་ཐོན་འཕར་དང་ཞིང་པར་འབབ་འཕར་ལ་སྐུལ་འདེད་ལེགས་པོ་བྱས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས། ཧུར་བརྩོན་གྱིས་རིགས་ཁག་གི་ཞིང་སྐྱོང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ།སྤྱི་ཚོགས་དམངས་འཚོ་ལ་ལེགས་བཅོས་དང་ཞིང་པའི་ཁུར་བོ་ཇེ་ཡང་དུ་བཏང་བ། ཞིང་བའི་འབབ་འཕར་མཐོ་རུ་གཏོང་བ་སོགས་བྱས་ནས་དོན་དངོས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་དང་མངོན་འགྱུར་གང་ལེགས་བྱས་པ་རེད།

ཞིང་སྐྱོང་ཞིང་ཕན་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཀྱིས་འཇུག་པའི་ཆེད་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གོ་རིམ་གྱི་སྟེང་ནས་འཐུས་ཚང་དུ་གཏོང་བ་དང་། མགོ་ཁུངས་ནས་ཕྱིར་འཛག་པ་བཀག་པ། བརྒྱུད་རིམ་ནང་ཞུགས་པ།ལས་རིམ་ཧྲིལ་པོར་རྗེས་སྙེག་དང་། ཆད་གཅོད་དང་སྔོན་འགོག་གཉིས་ཀར་མཐོང་ཆེན། གནད་འགག་དམ་འཛིན་སོགས་རྩ་དོན་གྱི་བླང་བྱ་གཞིར་བཟུང་ནས། འགོ་ཁྲིད་རྩ་འཛུགས་ཀྱི་འགག་སྒོ་དང་གླེང་ཕྱོགས་ཁྲིད་སྟོན་ཀྱི་འགག་སྒོ།ལམ་ལུགས་འཛུགས་སྐྲུན་གྱི་འགག་སྒོ། སྤྱི་ཚོགས་ལྟ་སྐུལ་གྱི་འགག་སྒོ་དང་གྱོད་གཞི་ཞིབ་གཅོད་ཀྱི་འགག་སྒོ་སོགས་ནན་གྱིས་བཟུང་སྟེ། རིགས་ཁག་གི་ཞིང་སྐྱོར་ཞིང་ཕན་མ་དངུལ་ལས་ཆོད་མཐོན་པོ་དང་བདེ་འཇགས། བདེ་ཐང་། གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱས་པ་རེད།

2018ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་དབྱང་ཞིང་ལས་རྒྱབ་སྐྱོར་བྱས་པའི་ཁ་གསབ་རོགས་དངུལ་(རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་མ་དངུལ་)དང་ཞིང་ལས་འཕྲུལ་འཁོར་དང་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ།ཞིང་ལས་འཕྲུལ་ཆས་ལ་བརྟེན་པའི་ས་ཞིང་རྨོ་འདེབས་ཁ་གསབ།སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་མ་དངུལ་བཅས་ཁྱོན་བསྡོམས་ཁ་གསབ་མ་དངུལ་སྒོར་ཁྲི2010.2679ཟིན་ཡོད་པ་རེད། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།