ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་དར་འཕེལ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བརྟན་པོའི་ངང་ནས་མདུན་དུ་སྐྱོད་པའི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་བྱས་པ།  ནུས་ཤུགས་ཡོད་རྒོས་བཟོ་ལས་དཔལ་འབྱོར་བརྟན་པོར་གཏོང་བ་ལག་བསྟར་བྱེད་པ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས།  འབད་བརྩོན་གྱིས་བཟོ་ལས་ཅན་གསར་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཁྱོན་ཡོངས་ནས་བརྟན་པོའི་ངང་འཁོར་སྐྱོད་བྱེད་ཡོད་པ་དང་རྣམ་པ་བཟང་པོར་འཕེལ་ཡོད་པར་མངོན་ཡོད།

ལོ་ངོ་གཅིག་གི་རིང་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དམིགས་འབེན་ལ་དམ་འཛིན་བྱས་པ་དང་ལོ་འགོར་བགར་བའི་དམིགས་འབེན་དང་ལས་འགན་ལྟར་ལས་ཀ་ཁག་སྒྲུབ་པ་རེད།  དུས་མཉམ་དུ་དངོས་གནས་སུ་ཞིབ་བཤེར་དང་སྐུལ་འདེད་ལས་ཀ་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་དམིགས་འབེན་ལས་འགན་ཁག་ཡག་པོ་སྒྲུབ་པར་ཁག་ཐེག་བྱས་པ་རེད།ཁྱད་ལྡན་དང་དཔལ་འབྱོར་ཐོན་ལས་གསར་པ་སོགས་ལ་བསྐོར་ནས་ཚོང་འདྲེན་མ་འགུག་བྱེད་ཤུགས་ཆེར་བཏང་བ་དང་། མུ་མཐུད་ནས་བེ་ཤ་དང་བཟོ་ལས། ཁྱད་ལྡན་ཐོན་ལས་བཅས་འདུས་ཁུལ་གསུམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།རྣམ་གྲངས་འཛུགས་སྐྲུན་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དར་འཕེལ་གྱི་འགུལ་ཤུགས་གསར་པར་བྱས་པ་རྒྱུན་འཁྱོངས་བྱས་པ་དང་།གཙོ་གནད་ཀྱི་ཐོན་ལས་རྣམ་གྲངས་དམ་པོར་འཛིན་པ།ཧུར་ཐག་གིས་ཁེ་ལས་ཆུང་ཕྲན་གསོ་སྐྱོང་བྱས་པ་དང་། ཁེ་ལས་ཆུང་ཕྲན་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ། སྔར་ལས་ལྷག་པར་ཁེ་ལས་ཆུང་ཕྲན་གྱི་དར་འཕེལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་བྱས་ནས་དེ་དག་གིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དར་འཕེལ་ལ་ནུས་པ་འདོན་དུ་བཅུག་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། 2018ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་བཟོ་ལས་ལྡུམ་ཁུལ་དང་ཆིང་ཁའོ་ཁྱད་ལྡན་ཐོན་ལས་ལྡུམ་ཁུལ་དུ་ས་ཞིང་མུའུ480གསར་སྤེལ་བྱས་པ་དང་ཚད་ལྡན་གྱི་བཟོ་ཁང་སྨི་གྲུ་བཞི་མ4000འཛུགས་སྐྲུན་བྱས་ཡོད།འོ་མ་མཚོ་ཁའི་དངོས་ཟོག་འགྲེམས་སྐྱེལ་ཁུལ་དང་ཆུ་འགོ་བཟོ་ལས་ལྡུམ་ཁུལ་དུ་ཚོང་ཁང193ཞུགས་ཡོད།ཕུ་ལུང་དང་ཡུན་ནན་གཏེར་རིགས་ཀུང་སིའི་ཧུང་ཉུང་ཚོགས་པ་གཉིས་ཀྱིས་ཟངས་གཏེར་ཏུན3.5ཐོན་སྐྱེད་བྱས་ཏེ་རིན་གོང་སྒོར་དུང་ཕྱུར15ཟིན་ཡོད།  ཧུང་ཏ་དང་ཧྭ་ཞིན་བཅས་ཨར་འདམ་ཁེ་ལས་གཉིས་ཀྱིས་ཨར་འདམ་ཏུན174.2ཐོན་སྐྱེད་བྱས་ཡོད་དེ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར6.9ཟིན་ཡོད།དེ་མིན་ད་དུང་ཐུན་མོང་མ་ཡིན་པའི་དཔལ་འབྱོར་དར་འཕེལ་ལ་རྒྱབ་སྐྱོར་བྱས་པ་དང་དམངས་གཉེར་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེར་བཏང་ཡོད་དེ། དངུལ་བུན་སྒོར་ཁྲི2978བཏང་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ཁེ་ལས2800ཟིན་པ་དང་ལས་ཞུགས་མི་སྣ25093ཟིན་ཡོད་པ་རེད། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།