ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལུང་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འབའ་ལུང་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་རྫོང་དང་ཤང་གྲོང་རིམ་པ་གསུམ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་སྨན་བཅོས་ལས་ཁུངས་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་མཁྲེགས་ཆས་འཛུགས་སྐྲུན་ཇེ་ཆེར་གཏོང་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་དང་། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་རིམ་བཞིན་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་རེད།

གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཡོད་པ་དང་། མ་དངུལ་སྒོར་ཁྲི2500གཏོང་བའི་རྫོང་ཀྲུང་བོད་སྨན་ཁང་གི་འཛུགས་སྐྲུན་རྣམ་གྲངས་མིག་སྔར་ས་གཤིས་རྩད་ཞིབ་དང་ཁོར་ཡུག་དཔྱད་འཇོག འཆར་འགོད་ཇུས་འགོད་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ཡོད། སྒོར་ཁྲི450གཏོང་བའི་རྫོང་མ་བུ་བདེ་སྲུང་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་དེ2018ལོའི་ཟླ10པའི་ཚེས31ཉིན་བར་ལས་གྲྭ་གཙོ་བོ་དང་དེ་བཞིན་སོ་ཕག་བརྩིགས་པའི་ལས་གྲྭ་ཡོངས་ལེགས་གྲུབ་བྱུང་ཡོད་པས། ལས་གྲྭ་གཙོ་བོར་ཞིབ་བཤེར་རྩིས་ལེན་གྱི་དུས་རིམ་དུ་ཐོན་ལ་ཉེ། མ་དངུལ་སྒོར་ཁྲི600གཏོང་བའི་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གནས་སྤོ་བྱེད་པའི་རྣམ་གྲངས་དེ2018ལོའི་ཟླ10པའི་ཚེས30ཉིན་བར་ལས་གྲྭ་གཙོ་བོ་དང་དེ་བཞིན་སོ་ཕག་བརྩིགས་པའི་ལས་གྲྭ་ཡོངས་ལེགས་གྲུབ་བྱུང་ཡོད་པས། ལས་གྲྭ་གཙོ་བོར་ཞིབ་བཤེར་རྩིས་ལེན་གྱི་དུས་རིམ་དུ་ཐོན་ལ་ཉེ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། 2018ལོའི་ཟླ10པའི་ཚེས31ཉིན་བར།མ་དངུལ་སྒོར་ཁྲི2530བཏང་ནས་གསར་དུ་འཛུགས་སྐྲུན་བྱས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང46ལས་འཕྲོད་བསྟེན་ཁང33ཡི་ལས་གྲྭ་ལས་མཇུག་ལ་ཉེ། མ་དངུལ་སྒོར་ཁྲི256བཏང་ནས་བསྐྱར་བཟོ་བྱས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང14ལས9ལས་འགོ་བརྩམས་པ་རེད། གསར་དུ་འཛུགས་སྐྲུན་བྱས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང46དང་བསྐྱར་བཟོའི་གྲོང་ཚོའི་འཕྲོད་བསྟེན་ཁང9ཡིས་ཁྱོན་བསྡོམས་མ་འཇོག་སྒོར་ཁྲི1218ལྷག་ལེགས་འགྲུབ་བྱུང་ཡོད་པ་རེད།

མི་འཇོན་ཐང་གི་གསོ་སྦྱོང་ནུས་ཤུགས་ཆེ་རུ་བཏང་བ། མུ་མཐུད་དུ་མཁོ་ཆོད་སྨན་པ་གཙོ་གནད་དུ་འཛིན་པའི་གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱབ་ནས། སྨན་བཅོས་ལག་རྩལ་མི་སྣའི་བྱེད་སྒོའི་གསོ་སྦྱོང་སྤེལ་བར་ཤུགས་བསྣན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།