ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2019ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་ཀ་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2019ལོའི་ཐོན་ལས་དབུལ་སྐྱོར་གྱི་ཚོགས་འདུ་འཚོགས།  ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་ཡོངས་གོང་འོག་གིས་བསམ་བློ་གཅིག་འགྱུར་བྱེད་དགོས་པ་དང་། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེར་སྐུལ་འདེད་བཏང་ནས་དར་འཕེལ་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་དང་། དབུལ་སྒྲོལ་གྱི་སྤུས་ཚད་གོང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་ལ་རྨང་གཞི་བཏིང་དགོས།  2019ལོར། གྲོང་ཁྱེར་ཡོངས་ཀྱིས་མུ་མཐུད་ནས་སྣེ་འདྲེན་ལ་ཤུགས་སྣོན་པ་དང་བཀོད་པ་ལེགས་སྒྲིག་བྱེད་པ། གཏན་གཞི་འཛུགས་སྐྲུན་བྱེད་པ།  གཞི་ཁྱོན་ཆེར་གཏོང་བ།  སྤུས་རྟགས་གསར་གཏོད་བྱེད་པ་ཞེས་པའི་སྤྱི་པའི་ལས་ཀའི་བཀོད་སྒྲིག་ལྟར། སྣེ་འདྲེན་ཁེ་ལས་+བདག་གཉེར་བྱེད་པོ+ཞིང་དུད་ཞེས་པའི་དཔེ་དབྱིབས་ཁྱབ་སྤེལ་བཏང་ནས།  བདག་གཉེར་བྱེད་པོ་དང་ཞིང་དུད་སོགས་ལ་ལུགས་མཐུན་དང་ནུས་ལྡན་གྱི་མཉམ་ལས་མ་ལག་ཆགས་པར་མཛུབ་སྟོན་གནང་དགོས།

2019ལོར། གྲོང་ཁྱེར་ཡོངས་ཀྱིས་ཀྲུང་ལུགས་སྨན་རྫས་མུའུ་ཁྲི2.33དང་ཚལ་རིགས་མུའུ་ཁྲི1.85  དཔལ་འབྱོར་ནགས་ཚལ་མུའུ་ཁྲི2.59  མཐོ་སྒང་གི་འབྲུ་རིགས་མུའུ་ཁྲི3.93སོགས་གསར་དུ་འདེབས་འཛུགས་བྱ་རྒྱུ་ཡིན་པ་དང་།  གཡག18.38དང་ཕག་ཁྲི6.25   བྱ་ཁྲི32.5 ལུག་ཁྲི1.82  ཉ་རིགས་མུའུ430  སྦྲང་མ་སྒམ4850 ཕག་པ་བྱི་ཐུར་ཙུའུ190གསར་དུ་གསོ་སྤེལ་བྱ་རྒྱུ། བཟོ་སྣོན་བཟོ་ཁང་སོགས19གསར་སྐྲུན་བྱེད་རྒྱུ།   2019ལོར། གྲོང་ཁྱེར་ཡོངས་ཀྱིས་མ་དངུལ་ཕལ་ཆེར་སྒོར་དུང་ཕྱུར3.7གྲབས་གསོག་བྱས་ནས་ཞིང་ལས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་སྐོར་དར་འཕེལ། ཐོན་ལས་དཔེ་སྟོན་ཁུལ་སོགས་ཀྱི་དར་འཕེལ་ལ་རོགས་སྐྱོར་བྱ་རྒྱུ་ཡིན། །
        

རྩོམ་སྒྲིག་པ། : ཀླུ་མོ་མཚོ།