ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཚད་བརྒལ་ངང2018ལོའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་དང་ཁུལ་སྲིད་གཞུང་གིས་གན་རྒྱ་བཞག་པའི2018ལོར་སྒོར་ཁྲིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང(GDP)ནུས་གྲོན་དེ2017ལོ་ལས0.1%ཡན་མར་འབབ་པའི་འོས་འགན་ལེགས་འགྲུབ་བྱུང་བར་འགན་སྲུང་བྱེད་ཆེད། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་གལ་ཆེའི་སྟོན་གྲངས(འཆར་ཟིན)》གྱི་བླང་བྱ་གཞིར་བཟུང་2018ལོར་རང་ཁུལ་གྱིས་ལེགས་འགྲུབ་བྱུང་བའི་དམིགས་འབེན་ནི་རྩིས་གཞིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན1.5%ཡིན་པ་རེད།

ཐོག་མའི་རྩིས་བཤེར་ལྟར་ན། 2018ལོའི་ཟླ1པོ་ནས་ཟླ9པའི་བར།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་ནུས་ཁུངས་འཛད་སྤྱོད་ནི་ཚད་ལྡན་རྡོ་སོལ་ཏུན་ཁྲི93.82ཡིན་པ་དང་། དུས་མཚུངས་ལས3.41%འཕར་ཡོད་ལ། GDPརྩིས་གཞིའི་ནུས་གྲོན་ནི་དུས་མཚུངས་ལས5.99%མར་ཆག་པ། དུས་ཚིགས་བཞི་པར། རང་ཁུལ་གྱིས་འབྲི་ཆུའི་བཀག་ཆུའི་ཆུ་ལོག་གི་ཤུགས་རྐྱེན་དང་དགུན་དུས་ལས་མཚམས་འཇོག་པའི་བཀའ་རྒྱའི་ལག་བསྟར་གྱི་རྐྱེན་གྱིས་སྔོན་རྩིས་ལྟར་ན་སང་ལོར་ཁུལ་ཡོངས་ཀྱིGDPརྩིས་གཞིའི་ནུས་གྲོན་ནི་དུས་མཚུངས་ལས1.5%མར་ཆག་རྒྱུ་རེད།

ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་ལ་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཆུང་དུ་གཏོང་བའི་དམིགས་ཚད་ནི2020ལོར་སླེབས་སྐབས། བདེ་ཆེན་ཁུལ་སྒོར་ཁྲི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་(GDP)ནུས་གྲོན་ནི2015ལོ་ལས7%མར་ཆག་པ། 2016ལོ་དང་2017ལོར་བདེ་ཆེན་ཁུལGDPརྩིས་གཞིའི་ནུས་གྲོན་ནི་དུས་མཚུངས་ལས7.53%དང3.05%མར་ཆག་པ། གལ་ཏེ2018ལོརGDPརྩིས་གཞིའི་ནུས་གྲོན་ནི1.5%ཡན་མར་ཆག་རྒྱུ་ལེགས་འགྲུབ་བྱུང་ཚེ། ལོ་ལྔའི་ཚན་བཅུ་གསུམ་པའི་ལོ་སྔོན་མ་གསུམ་ལ་བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམསGDPརྩིས་གཞིའི་ནུས་གྲོན་ནི11.7%ཡན་མར་ཆག་པ་དང་། ལོ་ལྔའི་ཚན་བཅུ་གསུམ་གྱི་ནུས་རྒྱུ་བསྲི་ཚགས་ཀྱི་དམིགས་ཚད་ལོ་སྔོན་མ་གསུམ་གྱི་ལེགས་གྲུབ་བྱུང་ཚད་ནི171.38%ཟིན་ཡོད་པས། དུས་རིམ་བཞིན་སྒྲུབ་ཚད་ལས་བརྒྱ་ཆའི་ཚེག111བརྒལ་ལ། ལོ་ལྔའི་ཚན་བཅུ་གསུམ་པའི་ནུས་གྲོན་ཟད་ཚད60%ཇེ་དམའ་རུ་གཏོང་གི་དམིགས་ཚད་དེ་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཟིན་པ་རེད། །     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།