ཀྲུང་གོ་བོད་ཀྱི་དྲ་བ།

རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་ནས་མི་སྟོང་གིས་གསོལ་སྟོན་བཤམས་ཏེ་གནམ་ལོ་གསར་བ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019115104833920.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རའི་སྲང་ལམ་དུ་མི་ཚོགས་སྟོང་གིས་མཉམ་དུ་གསོལ་སྟོན་བཤམས་ཏེ་གླུ་ལེན་གར་རྩེད་བྱས་ནས་གནམ་ལོ་གསར་བ་བསུ་བའི་བྱེད་སྒོ་ཞིག་བསྡུས་ཡོད་ཅིང་། ཐེངས་འདིའི་བྱེད་སྒོ་ནི་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རས་གཙོ་སྒྲུབ་གནང་བ་དང་།  བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་།  ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་རོགས་སྒྲུབ་གནང་བ་ཞིག་རེད།   ཐེངས་འདིའི་སྤྲོ་ཚོགས་ལ་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་མགྲོན་པོ5000ལྷག་ཞུགས་ཡོད་པ་རེད།  

ཐེངས་འདིའི་བྱེད་སྒོ་བསྡུ་བའི་དམིགས་ཡུལ་ནི་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཀྱིས་སེམས་ཀྱི་ཉི་ཟླའི་ངོ་མཚར་བའི་རིག་གནས་སྣ་མང་ཉམས་སུ་མྱོང་བ།  བདེ་ཆེན་གྱི་སྲོལ་རྒྱུན་དུས་སྟོན་གྱིས་སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་ཀྱི་ནུས་པ་འདོན་པ་དང་།  བདེ་ཆེན་ཡུལ་སྐོར་གྱི་མཚན་སྙན་གྲགས་ཇེ་ཆེར་གཏོང་བ།  འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་བ། གནམ་ལོ་གསར་བའི་གོ་སྐབས་དང་བསྟུན་ནས། སེམས་ཀྱི་ཉི་ཟླ་ཉམས་སུ་མྱོང་བ་དང་།  2019ལོ་ལ་མཇལ་འཕྲད་བྱེད་པ་ཅེས་པ་བརྗོད་བྱ་བྱས་པའི་སྐབས་ཐོག་མའི་གསོལ་འདེབས་བྱ་འགུལ་སྤེལ་བ་དང་།  བྱེད་སྒོའི་ཐོག་མི་ཚོགས་སྟོང་གིས་མཉམ་དུ་གསོལ་སྟོན་ལ་རོལ་བ་དང་།  དེའི་རྗེས་ནས་རྒྱལ་ཐང་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གནའ་བོའི་སྐོར་བྲོ་འཁྲབ་པ་སོགས་བརྒྱུད་དེ་དགའ་བ་སྟོང་གི་ངང་ནས་ལོ་རྙིང་ཕར་ལ་བསྐྱལ་བ་དང་རེ་བ་དང་ཡིད་ཆེས་ཀྱི་འཁེངས་པའི་ལོ་གསར་བ་ཞིག་བསུས་ཏེ་སེམས་ཀྱི་ཉི་ཟླའི་མཛེས་པ་མངོན་ཡོད་ཅིང་།རིག་གནས་ཡུལ་སྐོར་གྱི་འཚོ་བའི་རྣམ་པ་ཞིག་ཀྱང་མངོན་ཡོད་པ་རེད།   གསོལ་སྟོན་ཐོག་རང་ས་ནས་ཐོན་པའི་ནས་ཆང་དང་།  རྒུན་ཆང་།  བོད་ཕག་གི་ཤ  སྐམ་ཤ་སོགས་ཞིམ་མངར་ལྡན་པའི་ཟས་རིགས་ལ་སྐུ་མགྲོན་རྣམས་ཀྱིས་དགའ་བསུ་དང་གདེང་འཇོག་མི་ཉུང་བ་ཞིག་བྱས་ཡོད།

རྡོ་མཁར་རྫོང་ནི་སེམས་ཀྱི་ཉི་ཟླའི་ཆེས་ཚབ་བྱེད་རང་བཞིན་ལྡན་པའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ཞིང་།  ད་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན།   སྔར་གྱི་ཆར་གནས་འདི་ནི་ཇ་རྟའི་ཚོང་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་།  དེང་གི་ཆར་གནས་འདི་ནི་ཕྱོགས་བཞིའི་སྐུ་མགྲོན་གྱིས་ཡུལ་འདིའི་དམངས་སྲོལ་དང་སྒྱུ་རྩལ།ཚོང་ལས་སོགས་རིག་གནས་སྣ་མང་གི་སྙིང་བཅུད་ཉམས་སུ་མྱོང་སའི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད།  རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་ནི་རྡོ་མཁར་རྫོང་གི་སྒོ་ཁར་ཆགས་ཡོད་ཅིང་།   བོད་ཀྱི་ཟློས་གར་དང་།      བཟའ་བཏུང་།     ཤུལ་བཞག་རིག་གནས།      ཡུལ་ཐོན་ཁྱད་རྫས་སོགས་རིག་གནས་དང་ཚོང་ཟོག་གཉིས་ཆར་ནས་རོལ་མྱོང་བྱས་ཆོག་པའི་བཟོ་བཀོད་ཤིན་ཏུ་ལེགས་པའི་ཁྲོམ་ར་ཞིག་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།