རྒན་པོ་སུང་དབྱི་ཧྲན་གྱིས་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བའི་འཕོ་འགྱུར་ཆེན་མོ་བཤད་པ།

ད་ལོར་ལོ62སོན་པའི་སུང་དབྱི་ཧྲན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་འགོམ་སྟོད་གྲོང་ཚོའི་ཏང་ཡོན་རྒན་པ་ཞིག་ཡིན་ལ། བཅིངས་འགྲོལ་བྱས་མ་ཐག་པའི་དུས་སྐབས་ནས་བཅོས་སྒྱུར་སྒོ་འབྱེད་དང་།     དེ་ནས་དུས་དེ་རིང་བར་གྱི་གནམ་ས་བླ་ལོག་གི་འཕོ་འགྱུར་ཁོང་གིས་བདེན་དཔང་ཐུབ་པ་རེད།

བཅིངས་འགྲོལ་མ་བྱས་པའི་སྔོན་དུ། འགོམ་སྟོད་གྲོང་ཚོ་ནི་གྲོང་ཚོ་གཞན་དང་འདྲ་བར་ལྟོ་ཡང་འགྲང་མི་ཐུབ་པའི་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ཡིན་པ་རེད། དེའི་སྐབས་སུ་གྲོང་ཚོ་ཡོངས་ཀྱི་ཁང་བ་ནི་ཧ་ཅང་སྟབས་བདེ་ཡིན་པ་དང་། གཞུང་ལམ་དང་གློག་སོགས་ཀྱང་མེད་ལ།གྲོང་མི་མང་ཆེ་བ་ནི་ལྷམ་ཡང་གོན་ཐུབ་ཀྱི་མེད།རང་གི་ལྟོ་རྒྱག་པའི་ཆེད་དུ། ཚང་མས་སྐར་གྲངས་བསོག་པར་བརྩོན་ལེན་བྱེད་བཞིན་ཡོད་མོད། འོན་ཀྱང་ལྟོ་ད་དུང་རྒྱག་གི་མེད། འབྲས་དང་ཤ་ཟ་རྒྱུ་ནི་དུས་སྟོན་དང་ལོ་གསར་གྱི་སྐབས་སུ་ད་གཟོད་མཐོང་ཐུབ་པའི་ཟས་མཆོག་ཡིན་པ་རེད་ཅེས་སུང་དབྱི་ཧྲན་གྱིས་སྔོན་གྱི་འདས་དོན་ཕྱིར་དྲན་བྱེད་ཞོར་བཤད་བྱུང་།

ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་ལོ་ན91ལོན་པའི་ཏང་ཡོན་རྒན་པ་རིན་ཆེན་སྒྲོལ་མ་ནི1956ལོར་ཏང་ནང་ཞུགས་པ་དང་། ད་བར་ཏང་ལོ་ལོ62ལོན་འདུག མོས་དེ་སྔོན་ང་ཚོར་གྱོན་པ་གསར་བ་གོན་རྒྱུ་མེད་དེ། མང་ཆེ་བ་ནི་རང་ཉིད་ཀྱིས་གསོ་མ་བཏབ་སྟེ་ཐགས་རྗེས་ད་གཟོད་ལུས་སུ་གྱོན་པ་གོན་རྒྱུ་ཡོད། འཚོ་བ་ནི་མཚམས་རེ་ལྟོགས་པ་དང་མཚམས་རེར་འགྲང་བ་རེད། དེའི་སྐབས་སུ་འཚོ་ཐུབ་རྒྱུ་ནི་དངོས་ནས་དཀའ་མོ་ཞིག་རེད། ཉིན་ཞིག་རང་ཉིད་དཔེ་ཆ་འདོན་ཐུབ་རྒྱུ་སོགས་བློ་ཡུལ་དུའང་ཤར་མེད། གུང་ཁྲན་ཏང་དང་བཅོས་སྒྱུར་སྒོ་འབྱེད་ཀྱིས་འདི་ཚང་མ་མངོན་འགྱུར་བྱེད་ཐུབ་སོང་ཞེས་བཤད་པ་རེད།

དུས་རབས21པ་སླེབས་རྗེས། བདེ་ཆེན་མཐོ་སྒང་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་གྲོང་གཞན་དང་འདྲ་བར་གནམ་ས་བླ་ལོག་གི་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ། གཞུང་ལམ་ཤར་གཏོང་བྱས་པ་དང་། འཚོ་བའི་ཁྲོད་དུ་གློག་དང་བརྙན་འཕྲིན། དྲ་བ།  རང་འབབ་ཆུ་སོགས་རང་རང་གི་ཁྱིམ་ཚང་དུ་ཐོན་ཡོད་པ་རེད།

བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བའི་འཕོ་འགྱུར་སྐོར་བཤད་སྐབས་སུང་དབྱི་ཧྲན་དང་རིན་ཆེན་སྒྲོལ་མ་གཉིས་ཀྱི་ངོ་ལ་འཛུམ་མདངས་ཤར། ཏང་གི་སྲིད་ཇུས་བཟང་པའི་རོགས་སྐྱོར་འོག དེ་སྔོན་གྱི་འདམ་འབག་ལམ་མེད་པར་གྱུར་ནས་མི་རྣམས་ཀྱི་མིག་མདུན་དུ་མངོན་པ་ནི་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་ཡིན་པ་དང་། ལམ་གྱི་ལོགས་གཉིས་སུ་ལྗང་འགྱུར་དང་མཛེས་འགྱུར་བྱས་ཡོད། འགྲིམ་འགྲུལ་ལ་ལེགས་བཅོས་བྱུང་ཡོད་ལ། དམངས་རྣམས་ཕར་འགྲོ་ཚུར་འོང་ལའང་སྟབས་བདེ་སྐྲུན། ཏང་གི་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིང་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་ཆེན་མོ་བྱུང་། ཁྱིམ་སྤྱོད་གློག་ཆས་དང་ཞིང་ཆས། འགྲིམ་འགྲུལ་ཡོ་བྱད་ཉོས་ན་ད་དུང་སྲིད་གཞུང་གི་ཁ་གསབ་མ་དངུལ་ཡོད་པ་རེད། ད་ལྟའི་འགོམ་སྟོད་གྲོང་ཚོ་དང་མཉམ་འབྲེལ་གྲོང་ཚོའི་ཁྱིམ་ཚང་མང་ཆེ་བས་སྦག་སྦག་འཁོར་ལོ་དང་རླངས་འཁོར་སོགས་ཉོས་ཡོད་པས། ཕྱི་རུ་སོང་ན་ཧ་ཅང་སྟབས་བདེ་ཡིན།བཅོས་སྒྱུར་སྒོ་འབྱེད་མེད་ནས་དེང་སྐབས་ཀྱི་གྲོང་ཚོ་གསར་བ་ཡོད་མི་སྲིད།

ཉེ་བའི་ལོ་འགའི་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་གཏིང་ཟབ་ཀྱིས་སྐུལ་འདེད་བཏང་བ་དང་བསྟུན་ནས། བདེ་ཆེན་གྱི་གྲོང་ཚོ་སོ་སོའང་རྣམ་པ་གསར་བ་འགྱུར་ཡོད་དེ། རྨང་གཞིའི་སྒྲིག་གཞི་མུ་མཐུད་དུ་མཐོར་འདེགས་བཏོང་བ་དང་། ལམ་བུ་རེ་རེ་རང་གི་ཁྱིམ་ཁར་ཐོན་པ། ཁང་བརྩེགས་རེ་རེ་མཐོ་སྒང་དུ་ཡང་བཞེངས་བ་སོགས་རྣམ་པ་གསར་བས་ཁེངས་འདུག རྒན་རྒོན་རྣམས་ཀྱི་ཕྱིར་དྲན་ནི་ལོ་རྒྱུས་སུ་འགྱུར་ཡོད་ལ། དེ་སྔོན་ལྟོ་རྒྱག་མི་ཐུབ་པའི་དཀའ་སྡུག་གི་ལོ་ཟླ་ནི་འདས་ཟིན་པའི་ལོ་རྒྱུས་སུ་འགྱུར་བ་དང་། ད་ལྟ་རྒྱང་འབོད་བྱེད་བཞིན་པ་ནི་སྔར་ལས་མཛེས་ཤིང་སྡུག་པའི་བདེ་སྐྱིད་ཀྱི་འཚོ་བ་ཡིན་པ་རེད། །   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།