ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་མི་སྣ་བཅུའི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་གནང་བ་དང་།  ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གསར་འགྱུར་པར་བསྐྲུན་ཅུས་དང་།ཁུལ་དབུལ་སྐྱོར་གཞུང་སྒྲུབ་ཁང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་།ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་མི་སྣ་བཅུའི་ཡོངས་བསྒྲགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ནས་བསྡུས།

 ཁུལ་ཨུའི་རྒྱུན་ཨུ་ལི་ཡན་ལན་དང་ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རུང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཡིང་པིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཀྲི་པོ། ཁུལ་དམངས་ཆེན་རྒྱུན་ཨུའི་དྲུང་ཡིག་ཆེན་མོ་ཕུའུ་ཅང་བཅས་བྱ་འགུལ་དུ་ཞུགས་པ་མ་ཟད།བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་མི་སྣ་བཅུ་ཡི་མཚན་སྙན་ཐོབ་མཁན་ལ་བྱ་དགའི་བུམ་པ་དང་བྱ་དགའི་འཛིན་ཡིག་སྤྲད།         

བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་མི་སྣ་བཅུ་ཡི་མཚན་སྙན་ཐོབ་མཁན་ནི་འཇོལ་རྫོང་ཡུན་ལིན་ཤང་ཚེར་རི་ཐང་གྲོང་སྡེའི་ཡུང་ཞིང་གྲོང་མིའི་ཚོ་ཆུང་གི་དཔའ་མོ་དང་།འཇོལ་རྫོང་གི་ཨན་ཁ་ལ། འཇོལ་རྫོང་བྲག་ཞབས་ཤང་ཧྲི་པ་གྲོང་སྡེའི་གྲོང་མི་ཨན་ཁ་ལ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་མཚམས་སྦྱོར་གྲོང་སྡེའི་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨ་བོ།སེམས་ཀྱི་ཉི་ཟླ་ཝོ་ཧུའུ་ཕག་ཆེན་སྐྱེ་ཁམས་ཞིང་གྲོང་གི་ཧོ་ཡུང་ཆུན།འཇོལ་རྫོང་བྲག་ཞབས་ཤང་ཧྲི་པ་གྲོང་སྡེའི་འཕྲོད་བསྟེན་ཁང་གི་གྲོང་སྡེའི་སྨན་པ་ཡུས་ཙི་ཡུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚལ་ཐང་གྲོང་སྡེའི་གནད་སྨིན་དབུལ་སྐྱོར་གྱི་ལེན་ཀྲང་བློ་བཟང་། འབའ་ལྷག་དཀར་རྫོང་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་ཏུང་ཧྲི་ཀྲང་བསོད་ནམས་དོན་འགྲུབ།འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ལ་ཕོ་ལུའོ་གྲོང་སྡེའི་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཐལ་བུ། འབའ་ལུང་རྫོང་པེ་ཅི་ཞུན་ཤང་ཡུང་ཅན་གྲོང་སྡེའི་ཧྲུའུ་ཅི་དང་པོ།གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ལེ་ཡུས།  འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ཐུང་ལེ་གྲོང་སྡེའི་ཏང་སྤྱིའི་ཧྲུའུ་ཅི་ཧོ་ཀྲེང་གོ་བཅས་ཡིན་པ་རེད།

བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་མི་སྣ་བཅུ་ཡི་མིང་འདོན་མཚན་སྙན་ཐོབ་མཁན་ནི་ལི་པིང་ཆུན། ཧོ་ཁྲུན་ཧྥེང་།    ལི་རུའེ་དབྱིན།     ཞོ་ཡུང་།   ཧོ་ཅན་ཀྲུང་།  གཡང་འཛོམས།        སུང་ཅན་ཀྲུང་།   ཧོ་ཞུན།   ཞུས་ཡུང་ཧྥ།ཧོ་ཡུན་ཀྲིན།ཀྲང་ཀུའེ་ལང་།ཀྲེང་ཅུང་ཧུའེ།   ཧོ་ཞན་ཉན་བཅས་ཡིན།  འདེམས་བསྐོའི་བྱ་འགུལ་ནི་ཐོག་མའི་དཔྱད་སྡུར་དང་།འདེམས་ཤོག་འཕེན་པ།མཐའ་མའི་དཔྱད་བསྡུར། ཡོངས་བསྒྲགས་མཛད་སྒོ་བཅས་དུས་རིམ་བཞི་རུ་དབྱེ་ཡོད། བདེ་ཆེན་ཉིན་རེའི་ཚགས་པར་ཁང་དང་བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཅུས་སོགས་འཕྲིན་སྦྱོར་གསར་བས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་དཔེ་མཚོན་མི་སྣ་མཚམས་སྦྱོར་བྱས་པའི་རྨང་གཞི་སྟེང་།གཙོ་སྒྲུབ་ལས་ཁུངས་དང་སྒྲུབ་འགན་ལས་ཁུངས་ཀྱིས་དཔྱད་འདེམས་ཨུ་ལྷན་རྩ་འཛུགས་བྱས་ནས་བདམས་འོས་མི་སྣ23བདམས་པ་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་དང་བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འཕྲིན་སྦྱོར་ཐོག་དྲ་རྒྱའི་ཐོག་འདེམས་ཤོག་འཕེན་པ་རེད། བྱ་འགུལ་གྱི་དབང་གྲགས་རང་བཞིན་མཚོན་ཆེད།    འཕྲིན་སྦྱོར་ཐོག་འདེམས་ཤོག་འཕེན་པའི་རྨང་གཞིའི་སྟེང་།   བྱ་འགུལ་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་བཙུགས་ནས་ནན་གྱིས་དཔྱད་པ་རེད།   བྱ་འགུལ་གྱི་ཡུལ་དངོས་སུ།  རིག་རྩལ་འཁྲབ་སྟོན་བྱས་ནས།གནད་སྨིན་དབུལ་སྐྱོར་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་བྱུང་བའི་རྣམ་པ་མཚོན་པར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།