ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དང་པོ་ནས་བརྒྱད་པའི་བར་དུ་ཁུལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་བརྟན་བརླིང་ངང་གོང་འཕེལ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་དམ་ཟབ་སྒོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་ཀ་དང་འབྲེལ་ནས།  ནོར་སྲིད་ཀྱིས་སྲིད་སྐྱོང་ལ་རམ་འདེམས་བྱེད་པར་བརྟེན་ཏེ་ཁུལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་བརྟན་བརླིང་ངང་གོང་འཕེལ་བྱུང་ཡོད་ཅིང་།  ཡོང་སྒོའི་སྤུས་ཚད་མུ་མཐུད་ནས་ཇེ་ལེགས་དང་།  ནོར་སྲིད་ཀྱི་འགྲོ་སྒོ་ཅུང་མགྱོགས་པའི་ངང་ནས་འཕར་སྣོན་བྱུང་བར་རྒྱུན་འཁྱོངས་བྱས་ཡོད་པས།  གནད་ཆེའི་འགྲོ་སྒོའི་ཕྱོགས་ལ་ནུས་ཡོད་ཀྱི་འགན་སྲུང་བྱས་ཡོད་ཅིང་།  ནོར་སྲིད་ཀྱི་འཁོར་སྤྱོད་སྤྱིའི་ཆ་ལ་བརྟན་བརླིང་གི་རྣམ་པ་བྱུང་ཡོད། 

ཟླ་དང་པོ་ནས་བརྒྱད་པའི་བར།  ཁུལ་ཡོངས་ཀྱིས་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི69672ལེགས་འགྲུབ་བྱུང་ཡོད་ཅིང་།  དེའི་ཁྲོད་དུ་ཁྲལ་དོན་གྱི་ཡོང་སྒོ་སྒོར་ཁྲི53540ཡོད།   དེས་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཡོང་སྒོའི77%ཟིན་ཡོད་ལ།  དུས་མཉམ་ལས35.1%འཕར་སྣོན་བྱུང་ཡོད།   ཁྲལ་དོན་མ་ཡིན་པའི་ཡོང་སྒོ་ལ་སྒོར་ཁྲི16132ཡོད།    ཁྲལ་དོན་གྱི་ཡོང་སྒོ་ནི་ནོར་སྲིད་ཡོང་སྒོ་འཕར་སྣོན་བྱུང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཅིང་།  ཁུལ་ཡོངས་སུ་མུ་མཐུད་ནས་ནོར་སྲིད་ཡོང་སྒོའི་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་ཐོག་མའི་ཕན་འབྲས་ཐོན་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།