ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་བཀོད་འདོམས་པུའུ་ཡིས་ཆེད་དོན་ལས་བྱེད་ཚོ་ཆུང་གི་གྲོས་ཚོགས་བསྡུས།

    སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་རྣམ་གྲངས་མ་ལག་གི་འཛུགས་སྐྲུན་གནས་ཚུལ་དང་གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དཔྱད་ཡིག་དོ་དམ་བྱེད་པའི་ལས་ཀར་བརྟག་དཔྱད་གནང་བ་དང་། ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་བཀོད་འདོམས་པུའུ་ཡི་ཆེད་དོན་ལས་བྱེད་ཚོ་ཆུང་གི་སྙན་ཞུ་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་འཚོགས། མིག་སྔར་བདེ་ཆེན་ཁུལ་གྱི་དབུལ་སྐྱོར་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ།

ཀུའུ་ཁུན་གྱིས་དབུལ་སྒྲོལ་འགག་སྒྲོལ་ནི་མིག་སྔར་བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོའི་ལས་ཀ་གཙོ་བོ་ཡིན་ཏེ།  སྔར་ལས་ལྷག་པར་ཆབ་སྲིད་འདུ་ཤེས་དང་སྒྲིག་ཁྲིམས་འདུ་ཤེས། སྤྱི་ཡོངས་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་དགོས། ལས་ཀའི་ཐད་དུ་གོང་འོག་ལ་ཟུང་འབྲེལ་བྱེད་དགོས། དབུལ་སྐྱོར་ལས་ཀ་དང་སྡེ་ཁག་གི་ལས་དོན་ལས་ཀ་ལ་ཟུང་འབྲེལ་བྱེད་དགོས་པ་དང་།འབྲེལ་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་དང་ལས་ཀ་ལ་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་གྱི་ལས་བྱེད་མི་སྣ།གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣས་རྒྱུས་ལོན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

ཀུའུ་ཁུན་གྱིས་མིག་སྔའི་ལས་ཀ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གནད་དོན་འགའ་ཤས་ལ་དོ་སྣང་བྱེད་དགོས་ཏེ། གཅིག་ནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནས་དྲིལ་བསྒྲགས་ལས་ཀ་ལ་ཤུགས་སྣོན་རྒྱག་དགོས།གསུམ་ནས་གསོ་སྦྱོང་ལས་ཀ་ལ་ཤུགས་སྣོན་རྒྱག་དགོས།བཞི་ནས་དབུལ་སྐྱོར་ཡིག་ཚགས་དང་གཞི་གྲངས་ཚད་ལྡན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

གྲོས་ཚོགས་ཐོག་ཉེ་སྔོན་དུ་ཞིང་ཆེན་རིམ་པའི་བརྟག་དཔྱད་ཚོ་ཆུང་གིས་ནུའུ་ཅང་ཁུལ་ཧྥུ་གུང་རྫོང་དུ་བརྟག་དཔྱད་གནང་སྐབས་རྙེད་པའི་གཞི་རིམ་དབུལ་སྐྱོར་ལས་ཀར་གནས་པའི་འབུར་དུ་ཐོན་པའི་གནད་དོན་དང་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡི་འབྲེལ་ཡོད་ཆོག་མཆན་བཀོད་པའི་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ། རྫོང་(གྲོང་ཁྱེར་)གསུམ་དང་ཁུལ་རིམ་པའི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་དབུལ་སྐྱོར་ལས་ཀའི་སྐུལ་འདེད་གནས་ཚུལ་སྙན་སེང་ཞུས་པ་རེད།  །        

རྩོམ་སྒྲིག་པ། : ཀླུ་མོ་མཚོ།