ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཐོག་བདེ་ཆེན་གྱིས་རྣམ་གྲངས4སྟེ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.7ཡི་གན་རྒྱ་བཞག་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wa_152937923936650.jpg

wa_152937924047672.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས5པའི་ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དང་ཁུན་མིང་ཚོང་འདུས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་དེ་ཁུན་མིང་ཏན་ཁྲི་རྒྱལ་སྤྱིའི་ཚོགས་འགྲེམ་ལྟེ་གནས་སུ་ཚོགས་ཤིང་།བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམས་མཉམ་ལས་རྣམ་གྲངས4ལ་གན་རྒྱ་བཞག་པ་དང་།གན་རྒྱའི་མ་དངུལ་སྒོར་དུང་ཕྱུར2.7ཟིན་པ་རེད།

wa_152937924127042.jpg

wa_152937924451495.jpg

རྣམ་གྲངས4པོ་དེ་ཞིང་ལས་དང་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་སྐོར་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད། འདིའི་ཁྲོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁའེ་ཡུས་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་སི་ཁྲོན་ཞུས་ཧོ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་གན་རྒྱ་བཞག་པའི་བཟའ་བྱའི་ཤ་མོའི་ལག་རྩལ་མཉམ་ལས་ཀྱི་རྣམ་གྲངས་ཀྱི་མ་འཇོག་སྒོར་ཁྲི4000ཡིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པེ་ཀྲུའུ་ཡ་གཞིས་ཀའི་ཚད་ཡོད་ཀུང་འགན་འཁྲི་ཀུང་སི་དང་ཧྭ་ཡ་དངུལ་རྩའི་ཚོགས་པ་ཚད་ཡོད་ཀུང་སི།ཡུས་ཞིན་ལུའི་ཡོན་རྒྱལ་སྤྱིའི་ཚད་ཡོད་ཀུང་སི་བཅས་དང་གན་རྒྱ་བཞག་པའི་ཤམ་བྷ་ལའི་བོད་ཀྱི་རིག་གནས་རྒྱལ་སྤྱིའི་ལུས་གསོ་གྲོང་རྡལ་ཆུང་བའི་རྣམ་གྲངས་ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར2ཡིན་པ། འབའ་ལུང་རྫོང་མི་དམངས་སྲིད་གཞུང་དང་འབའ་ལུང་རྫོང་དབུལ་སྐྱོར་གསར་གཏོད་མ་འཇོག་ཚད་ཡོད་ཀུང་སི་དང་ཀྲུང་གོའི་སྨན་རྩྭའི་ཚད་ཡོད་ཀུང་སི་ས་དམ་ཧན་ཀང་ཏེ་རུའེ་སྨན་རྩྭའི་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་པའི་ཡུན་ནན་ནུབ་བྱང་གི་སྨན་རྩྭ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་སྤྱིའི་མ་འཇོག་སྒོར་ཁྲི3000ཡིན་པ་རེད། གཞན་ཁུལ་སྲིད་གཞུང་གིས་ད་དུང་ཡུན་ནན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཡུལ་སྐོར་མ་རྐང་ཚོད་འཛིན་ཚོགས་པའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།