ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་བརྒྱབ་པ་དང་ཏང་འཛུགས་སྐྱོང་གི་གདོང་ལེན་པ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཨར་འདམ་ལམ་བཏིང་ཚར་དུས་དགུན་ཁ་འཆར་ཟིན་མོད། འོན་ཏེ་དབའ་རིགས་བ་ཚོའི་སེམས་ནང་དཔྱིད་ཀ་ཤར་བ་ལྟར་དྲོ་སོབ་སོབ་ཅིག་ཡོད”ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་ནུའོ་ལེའང་ཤང་པན་ལེ་གྲོང་ཚོའི་ཨར་འདམ་ལམ་དང་པོ་དེ་བདག་སྐྱོང་བྱེད་པའི་དུས་སུ་སླེབས་ཡོད། དེ་ནི“ཞིང་ཆེན་ཟོག་གོང་ཅུས་དབུལ་སྐྱོར་ལས་དོན་རུ་ཁག་གི་བཀའ་དྲིན་ཡིན”ཞེས་གྲོང་མི་ཚོས་དགའ་ཚོར་ཆེན་པོས་ཤོད་ཀྱིན་ཡོད། གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་དོན་རུ་ཁག་དེར་རུ་མི་6ཡོད་པ་དག་ནི་ཏང་ཡོན་ཡིན་པ་དང་རྩ་འཛུགས་ཀྱི་འབྲེལ་བའང་གྲོང་ཚོར་བསྒྱུར་ཡོད། ད་ཆ་ཡུན་ལིང་ས་གཞི་ཆེ་མོར་དེ་དང་འདྲ་བའི་ལས་དོན་རུ་ཁག7000ལྷག་ཙམ་ཡོད་ཅིང་། ཆ་སྙོམས་བྱས་ན་གྲོང་ཚོར་དབུལ་པོ་རེར་རུ་མི་5ཡིས་གཞིས་བཙུགས་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་པ་དང་ཡུན་ནན་གྱིས་ཏང་འཛུགས་སྐྱོང་གི་ཕན་འབྲས་དངོས་འགག་སྒྲོལ་གྱི་གྲུབ་འབྲས་ཐོག་ནས་མངོན་པར་བྱས་ཤིང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་ནན་དུ་མང་ཚོགས་དབུལ་པོ་ཁྲི441དབུལ་སྒྲོལ་བྱུང་མོད། འོན་ཀྱང་ད་དུང་མི་འབོར་དབུལ་པོ་ཁྲི447དང་རྫོང་དབུལ་པོ88ཡོད་པ་དག་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། ཞིང་ཆེན་ཡོངས་ཀྱི“ཐད་ཀར་བར་བརྒལ་གྱི་མི་རིགས”11དང་མི་འབོར་ཅུང་ཉུང་བའི་མི་རིགས་ཕལ་ཆེ་བ་ཤིན་ཏུ་དབུལ་པོའི་རིགས་སུ་གཏོགས་ཀྱི་ཡོད། ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དབུལ་སྒྲོལ་ནི་ཡུན་ནན་གྱི“དུས་རབས་གསར་པར་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་དམག་འཐབ་དྲག་པོ་དང་པོ”དེ་ཡིན་པ་དང་། འགག་སྒྲོལ་བྱེད་པར་ཏང་འཛུགས་སྐྱོང་གི“རླབས་ཆེན་འདུ་འགོད”ལ་བརྟེན་དགོས། “མི”ཞེས་པའི་འགག་རྩ་དེར་དམ་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་གཉིས་ཀར་སྐུལ་འདེད་བཏང་ནས་ལས་བྱེད་པར་དབུལ་སྒྲོལ་ལ་གཞིགས་ཏེ་ལས་དོན་སྒྲུབ་པ་དང་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་ཀ་བྱེད་དགོས་ཞེས་བརྗོད་པ་རེད།

“འགོ་ཁྲིད་གཙོ་བོའི་འགན་འཁྲི”ནན་དུ་བཏང་སྟེ་གོང་ནས་འོག་བར་རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་བྱས་ཤིང་། ཧྲའོ་ཐུང་གྲོང་ཁྱེར་ཧྲའོ་དབྱང་ཆུས་ནི་ཤིན་ཏུ་དབུལ་པོའི་ས་ཁུལ་ཞིག་ཡིན་པ་དང་། “དབུལ་སྒྲོལ་མ་ཐུབ་ན་ཟས་བརྗེད་གཉིད་ཆག་དང་གནོན་ཤུགས་ཀྱང་ཆེན་པོ་འདུག”ཅེས་ཆུས་ཨུད་ཀྱི་ཧྲུའུ་ཅི་ཅང་ཤན་ཁུའེ་ཡིས་བཤད། ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོར་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས“དབུལ་ཞྭ་མ་ཕུད་བར་ལས་གནས་མི་འཕོ་བ”ཕུད་ལས་འགན་ཁག་བགོས་ཀྱི་འགན་འཁུར་བ་གཞོན་པ་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པ་རེད། རིམ་ཁག་ལས་བྱེད་པ་ཁྲི59ལ་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་པ་དང་། གྲོང་ཚོར་བཅའ་སྡོད་ཀྱི་དབུལ་སྐྱོར་ལས་དོན་རུ་མི་ཁྲི3.8དང་གྲོང་ཚོ་དབུལ་པོའི་ཧྲུའུ་ཅི་དང་པོ6500ལྷག་ཙམ་འདེམས་གཏོང་བྱས་པ། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་ཐིང་དང་ཁྲུའུ་རིམ་པའི་ལས་བྱེད་པ200ལྷག་ཙམ་རྫོང་དབུལ་པོར་གནས་སྦྱར་བྱ་རྒྱུར་འདེམས་གཏོང་བྱས་པ་བཅས་ལས་དབུལ་སྐྱོར་དེ་ལས་བྱེད་པ་སྦྱོང་བརྡར་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ན་ནིང་ནས་བཟུང་ཞིང་ཨུད་ཀྱིས་དབུལ་སྐྱོར་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ38འདེམས་སྤྱོད་བྱས་ཡོད་པ་རེད།

དབུལ་སྐྱོར་གྱི་གཙོ་གནད་དམ་པོར་བཟུང་སྟེ“དུད་ཚང་དབུལ་པོ་དང་ཐག་ཉེ་ཤོས་ཀྱི་མིའི”ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཤིང་། ལུའུ་ཏན་གྱི་ཡོམ་འགོག་གེགས་སེལ་ཁྲོད་ཧུར་བརྩོན་ཆེ་ཤོས་ཀྱི་ཐན་ཏེ་ཅུན་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱེད་རྒྱུར་ཐབས་མཁས་པས་ཚང་མས་ཁོང་ལ“ཧྲུའུ་ཅི་གཡེར་མ”ཞེས་འབོད་ཅིང་། ན་ནིང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ནས་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་དུ་གནས་སྤར་བྱས་པ་རེད། ཐན་ཏེ་ཅུན་གྱིས་ན་ནིང་གྲོང་རྡལ་ཡོངས་ཀྱི་སློབ་ཆེན་སློབ་མ་བཅུ་གྲངས་ལྷག་ཙམ་རང་འགུལ་ངང་གྲོང་ཚོར་ལས་འགན་འཁུར་བར་སླེབས་བྱུང་། ཡུན་ནན་གྱིས་ཤང་དང་གྲོང་རྡལ་གྱི་བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣ་དང་། གྲོང་ཚོའི་ལས་བྱེད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས2036ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ནང་བཅུག་པ་དང་ལེགས་འདེམས་བྱས་པའི་གྲོང་ཚོའི་ལས་བྱེད་པ7200རྗེས་གྲབས་སྟོབས་ཤུགས་སུ་གྱུར་ཡོད། སྐབས་བརྗེ་གོ་སྐབས་སུ་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པ2600གྲོང་ཚོ་དབུལ་པོའི་ཧྲུའུ་ཅིར་བདམས་པ་དང་ཆབས་ཅིག་ལས་གོ་མི་འཕེར་བའི་ཧྲུའུ་ཅི379བཅོས་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།

ལས་གཏོད་ཀྱི་སྤྲོ་བ་འཕེལ་བར་བྱས་ཏེ་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་གཏོད་ལ་བརྟེན་ནས་དབུལ་སྒྲོལ་གྱི་ལམ་བུ་གསར་པ་བཏོད་ཅིང་། རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ལུའུ་ཧྲུའེ་གྲོང་ཁྱེར་ལུའུ་ཀྲང་གྲོང་རྡལ་སན་ཧོ་གྲོང་ཚོར་ཏང་ཡོན་ལིའུ་པང་ཆང་གིས་སྣེ་ཁྲིད་དེ་རྩྭ་དང་ཤིང་འབྲས་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དབྱང་ཞན་ཁའེ་ཡིས་སྟར་ཁ་མཉམ་ལས་ཁང་བཙུགས་པ། གྲོང་ཚོའི་ཀྲུའུ་རེན་ལིའུ་ཀྲེ་ཧྭ་ཡིས་ཇ་ཤིང་ལྡུམ་ར་བཙུགས་ཡོད། ད་ཆ་སན་ཧོ་གྲོང་ཚོའི་མང་ཚོགས་ལ་དེའི་ནང་གི་རྣམ་གྲངས་གཅིག་ནང་ཞུགས་པ་ཁོ་ན་ལས་འབབ་འཕར་སྒོར་ཁྲི་བརྒྱ་ལྷག་ཙམ་བྱུང་ཡོད། ཡུན་ནན་གྱིས“ཏང་ཀྲི་པུའུ+”དཔེ་དབྱིབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གྲོང་ཚོའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་དྲ་ཐོག་ཚོང་དོན་གྱི་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་པས་གྲོང་ཚོའི་ཏང་རྩ་འཛུགས7000ལ་ཉེ་བས་སྣེ་ཁྲིད་དེ་དྲ་ཐོག་ཚོང་ཁང་བཙུགས་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས“ཏང་ཡོན་གྱི་ལས་གཏོད་ཕྱུག་འགྱུར་གྱི་དངུལ་བུན”ཁྱོན་དུང་ཕྱུར67ལྷག་ཙམ་སྤྲད་ཡོད་པ་རེད།

དབུལ་སྐྱོར་དེ་བློ་སྟོབས་ཀྱི་རོགས་སྐྱོར་དང་རིག་སྟོབས་ཀྱི་རོགས་སྐྱོར་ཟུང་འབྲེལ་བྱས་ཏེ་དུད་ཚང་དབུལ་པོའི“རང་གཅེས་དང་། ཡིད་རྟོན། དྲིན་ཚོར”བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཞིང་། ས་གནས་ཁག་གིས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་རྣམ་པའི་《སྒྱིད་ལུག་ཅན་དབུལ་སྒྲོལ་བྱེད་》ཅེས་པ་སོགས་ནང་དོན་ཕུན་སུམ་ཚོགས་པའི་བརྩམས་ཆོས་བརྩམས་ནས་མང་ཚོགས་ལ་ཉི་མ་གང་འཁྱོལ་བྱེད་པ་ལས་དཀའ་སྤྱད་འབད་བརྩོན་བྱས་ན་དགའ་བའི་སློབ་གསོ་བཏང་ཡོད། ཕུའར་གྲོང་ཁྱེར་ཀྲེན་ཡོན་དབྱིས་རིགས་ཧ་ཉི་རིགས་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་མང་ཚོགས་ཀྱིས་གྲོང་སྲོལ་དམངས་ཆིངས་ལ་བརྟེན་ནས་སྒྱིད་ལུག་དང་བླུན་རྨོངས་རིགས་བསལ་བ་དང་། ལིན་ཚང་གྲོང་ཁྱེར་ཚང་ཡོན་རྫོང་གི་བུད་མེད་ཏང་ཡོན་གྱིས་དབའ་རིགས་ཀྱི་བུད་མེད་ཚོའི་སྣེ་ཁྲིད་དེ་ཁྱིམ་ལས་དང་རྩིས་རྒྱག་སོགས་ཀྱི་ལས་དོན་སྤེལ་རོགས་བྱས་ཡོད། ཚང་ཡོན་རྫོང་ནུའོ་ལེའང་ཤང་ཧོ་ལིང་གྲོང་ཚོའི་དབའ་རིགས་གྲོང་མི་ལི་ཆིའུ་དབྱིང་གིས“ད་ཆ་གྲོང་ཚོའི་ནང་ཧ་ཅང་གཙང་མ་འདུག་ལ་གྲོང་མི་ཚོ་ཡང་འཆམ་མཐུན་ལྡན་པས་སླད་ཕྱིན་འཚོ་བ་དེ་བས་སྐྱིད་དུ་འགྲོ་རྒྱུ་རེད་འདུག”ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།