ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གུང་གཞོན་ཚོགས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུས་ལང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཉམས་ལེན་བྱས་ནས།  མཐའ་མཚམས་ཀྱི་གཞོན་ནུའི་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།  དྲིལ་བསྒྲགས་བརྙན་ལམ་བཟོ་བ་དང་། མི་རིགས་ཀྱི་སྐད་རིགས་མང་པོས་སྒྲོག་འགྲེལ་བྱེད་པ། དཔེ་ཀློག་འཛིན་གྲྭ་དང་གཞོན་ནུའི་གླེང་སྟེགས་སོགས་སྒྲུབ་པའི་ཐབས་ཤེས་སྤྱད་དེ།  དོན་དངོས་ཐོག་སློབ་ནུས་པ་དང་།  བྱང་ཆུབ་ཐུབ་པ།  བདེན་པ་ཡོང་ཐུབ་པའི་ཕྱོགས་ལ་ཤུགས་བསྣན་ནས།   ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཁྲོད་དུ་གཞི་ཆགས་པ་དང་རྐང་ཚུགས་པར་བྱས་ཡོད།  

 དེ་དང་དུས་མཚུངས་སུ།    མི་རིགས་ཁག་གི་གུང་གཞོན་ཚོགས་པའི་ལས་བྱེད་པ་དང་།   ན་གཞོན་ཚོགས་མི།   སློབ་ཆེན་དང་བླངས་པ།  སློབ་ཆེན་གྲོང་དཔོན་པ་སོགས་རྩ་འཛུགས་ཀྱིས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་གཞི་རིམ་གུང་གཞོན་ཚོགས་པའི་ཀྲི་པུའུ་དང་གཞོན་ནུའི་ཁྱིམ་ཚང་།ད་དུང་གཞོན་ནུའི་ལས་གཏོད་རྟེན་གཞི་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ནང་ཟབ་ཞུགས་བྱས་ནས།  ཁེ་ལས་དང་། ཞིང་སྡེ།ལས་ཁུངས།  སློབ་གྲྭ།སྡེ་ཁུལ།  ད་དུང་མི་རིགས་ཁག་གི་གྲོང་ཚོ་དང་།  ཞིང་ཁ་བཅས་སུ་བསྐྱོད་དེ་གཞི་ཁྱོན་ཆུང་ལ་མཉམ་འགུལ་གྱི་རྣམ་པ་ཡོད་པ།   སྟབས་བསྟུན་གསོན་ཉམས་ལྡན་པའི་བྱ་ཐབས་ནས་ཕན་ཚུན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་།   དེར་མ་ཟད་གོ་བདེ་བའི་ས་ཕྱོགས་ཀྱི་ཕལ་སྐད་སྤྱད་ནས་ན་གཞོན་རྣམས་ལ་བློ་གཅིག་སེམས་གཅིག་གིས་སྒྲོག་འགྲེལ་ནན་མོ་བྱས་ཏེ་སྤྱིར་བཏང་གི་ཁ་བརྡ་དང་སྙིང་གཏམ་བཤད་སྟངས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གསལ་བཤད་ཡག་པོ་བྱས་ཡོད་པ་དང་།  གཞོན་ནུ་རྣམས་ཀྱིས་ནང་དོན་གོ་ནུས་པ།   དངོས་ཐོག་ཏུ་འབྱོར་ཐུབ་པར་བྱས་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།