ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་ཁུལ་གྱི་གཏེར་ཆོས800ཉམས་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་གིས་བསྡུས་པའི་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་ཉམས་གསོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭས་མྱུར་སྐྱོབ་རང་བཞིན་གྱིས་སེམས་ཀྱི་ཉི་ཟླ་ནགས་སྐེ་རགས་གཏེར་ཆོས800ཙམ་ཉམས་གསོ་བྱས་པ་རེད།

ཉམས་གསོ་བྱེད་པའི་ཡུལ་དངོས།

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐལ་ཚགས་ཤང་གི་ནུབ་བྱང་ཕྱོགས་སུ་གཏེར་ཆོས་བྲག་ཕུག་ཅིག་ཡོད་པ་དེ། ནགས་སྐེ་རགས་གྲོང་སྡེའི་བར་ལ་སྤྱི་ལེ15ཡོད།བྲག་ཕུག་དེའི་ནང་མི200སྡོད་ཐུབ་པ་དང་།ཤིང་ཁང་ཆུང་བོ20ལྷག་ཡོད་པ་རེད། ནགས་སྐེ་རགས་ཀྱི་གཏེར་ཆོས་བྲག་ཕུག་དེ2010ལོའི་ཟླ9པར་བདེ་ཆེན་ཁུལ་དཔེ་མཛོད་ཁང་གི་དམངས་ཁྲོད་གནའ་གཞུང་རྟོག་ཞིབ་རུ་ཁག་གིས་རྙེད་ཅིང་།གཏེར་ཆོས7000ལྷག་རྙེད་མོད་མང་ཤོས་གོག་ཧྲུལ་གྱུར་འདུག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།