ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གནམ་གཤིས་སྡེ་ཚན་གྱིས་འབའ་ལུང་རྫོང་གི་ལ་པ་ཏིག་ནན་ཙི་ཅི་གྲོང་སྡེའི་སྡོང་ཕུང་སྨུག་པོའི་རྒྱུད་བཟང་འདེབས་འཛུགས་རྟེན་གཞི་ལ་རྒྱུ་རྐྱེན་དགུ་ལྡན་གྱི་ཞིང་ལས་གནམ་གཤིས་ས་ཚིགས་སྒྲིག་སྦྱོར་བེད་སྤྱོད་བྱེད་བཞིན་ཡོད་ཅིང་། དེས་རང་ཁུལ་གྱིས་ཨང་དང་པོའི་རྒྱུ་རྐྱེན་དགུ་ལྡན་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་གནམ་གཤིས་ས་ཚིགས་བཙུགས་ཡོད་པར་མཚོན་ཡོད།
ས་ཚིགས་དེས་མུ་མཐུད་དུ་རླུང་འགྲོས་དང་རླུང་ཕྱོགས།ཆར་ཚད།གནམ་གཤིས་དྲོད་ཚད།བལྟོས་བཅས་ཀྱི་བརླན་ཚད།དབུགས་གནོན། ཉི་མའི་འགྱེད་འཕྲོ།ས་རྒྱུའི་དྲོད་ཚད་སོགས་རྒྱུ་རྐྱེན་དགུ་ལ་བརྟག་ཞིབ་ཚད་ལེན་གྱི་ཟིན་ཐོ་འགོད་ཐུབ་ཅིང་།ས་ཚིགས་དེ་སྡོང་ཕུང་འདེབས་འཛུགས་རྟེན་གཞི་དེའི་ལྟེ་གནས་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3181.5ཡོད་པ་དང་།འབའ་ལུང་རྫོང་གནམ་གཤིས་ཅུས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་ཁྲོད་ཀྱི་ས་བབ་མཐོ་ཤོས་ས་ཚིགས་ཤིག་ཡིན།
མིག་སྔར་གྲ་སྒྲིག་ལས་ཀ་ཁག་གི་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་ལ་དམིགས་ཏེ།ཆི་ཅན་ཞིན་གྱིས་ནན་བཤད་བྱས་དོན།ཁུལ་སྟོན་དང་བར་ཐག་ཉིན་10ལྷག་ལས་མེད་པས།དུས་ཚོད་དམ་འཛིན་བྱས་ནས་གྲ་སྒྲིག་ལས་ཀ་ཁག་ཡག་པོ་སྒྲུབ་དགོས། རྗེས་སུ། ཁུལ་གནམ་གཤིས་སྡེ་ཚན་གྱིས་དཔྱད་ཡིག་བསྡུ་རུབ་བྱས་པ་བརྒྱུད་བསྡོམས་རྩིས་ཐོག་དབྱེ་ཞིབ་བྱ་རྒྱུ་དང་། སྡོང་ཕུང་འཚར་ལོངས་བྱུང་སའི་གནས་ལ་ཕན་པའི་གནམ་གཤིས་ཀྱི་ཚད་གཞི་འཛུགས་རྒྱུ་འཚོལ་ཞིབ་དང་སྡོང་ཕུང་འདེབས་འཛུགས་ཀྱི་དོན་དུ་གནམ་གཤིས་ཐད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ཐོག་གནམ་གཤིས་སྡེ་ཚན་གྱི་ཆེད་དོན་ཞབས་ཞུའི་“ ཞིང་གསུམ་” ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། །