ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་དམིགས་བསལ་སློབ་གྲྭ་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2017-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1504577765618789.jpg

སློབ་གསོའི་ཐོག་ཁང་།

1504577773834905.jpg

ལག་ཤེས་སློབ་ཁང་།

1504577781957927.jpg

བྱེད་སྒོ་སྤེལ་ས།

1504577785426583.jpg

སློབ་མའི་ཉལ་ཁང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས5ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དམིགས་བསལ་སློབ་གྲྭ་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། རྒྱུས་ལོན་ལྟར་ན། སློབ་གྲྭ་དེ་ནི2014ལོར་འཆར་གཞི་བཟོས་ཏེ་ཇུས་འགོད་བྱས་པ་ཡིན་ཞིང་། 2015ལོའི་ཟླ9བར་འཛུགས་སྐྲུན་བྱེད་འགོ་ཚུགས་ནས། འཛུགས་སྐྲུན་གཞི་ཁྱོན་མུའུ20ཟིན། སློབ་གྲྭ་དེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལོ་རན་དབང་བོ་སྐྱོན་ཅན་གྱི་བྱིས་པར་དམིགས་ཏེ་ལོ་དགུའི་ཉིན་གང་ལམ་ལུགས་ཀྱི་རིན་མེད་འོས་འགན་སློབ་གསོའི་སློབ་གྲྭ་གཅིག་པུ་ཡིན་ལ། དེ་ནི་སློབ་ཆུང་སློབ་གསོ་དང་སློབ་འབྲིང་སློབ་གསོ་གཉིས་ཀའི་སློབ་ཁྲིད་གཞི་ཁྱོན18འདུས་པའི་སློབ་གྲྭ་ཞིག་ཀྱང་ཡིན། མིག་སྔར་སློབ་གྲྭ་དེར་དགེ་རྒན14དང་། གདན་ཞུ་ལས་བཟོ་བ7ཡོད་དེ། སློབ་སྐབས་དང་པོར་སློབ་མ་གསར་བ25བསྡུ་ལེན་བྱས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།