ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཨུའི་བདེ་ཆེན་ལ་ཁ་གཏད་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་ཆར། ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ལ་དབུལ་སྒྲོལ་འགག་སྒྲོལ་དམངས་གཙོས་ལྟ་སྐུལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།

 ཨན་ཧུའེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཉིའུ་ལི་ཝུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
 ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ཨུ། ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དབྱང་ཧུང་ཧྲེང་དང་། ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཡུས་ཁྲེན་ལིན། ཀྲུའུ་རེན་ཨུ་ཡོན་གཞོན་པ་སུན་ཞུའེ་ལུང་། སྐོར་གཟིགས་པ་གཞོན་པའམ་སྤྱི་ཚོགས་ཞབས་ཞུ་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་ལི་སུང་ཆི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་གཙོ་སྐྱོང་བྱས།

གྲོས་ཚོགས་ཐོག   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་ཡུང་ཀྲུང་གིས་རང་རེའི་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།

ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་སྙན་སེང་གསན་རྗེས། ཉིའུ་ལི་ཝུན་གྱིས་ངོས་འཛིན་བྱས་དོན། བདེ་ཆེན་འདི་ཉིད་ཡུན་ནན་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་ཁུལ་ཞིག་ཡིན་པའི་ཆ་ནས། དབུལ་ཕོངས་མི་འབོར་མང་བ་དང་དབུལ་ཕོངས་རྒྱ་ཁྱོན་ཆེ་ལ་དབུལ་ཚད་ཟབ་པོ་ཡིན་པ།དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྗིད་པོ་རེད།ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་དང་། ཡུན་ནན་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུའི་ལས་ཀའི་བླང་བྱ་གཞིར་བཟུང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་དང་། བྱེད་ཐབས་ནུས་ལྡན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པས། ཨན་ཧུའེ་ཡིས་སློབ་སྦྱོང་དང་དཔེ་ལྟ་འོས་པའི་ས་ཆ་མང་པོ་ཡོད།

ཉིའུ་ལི་ཝུན་གྱིས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་དམངས་གཙོས་ལྟ་སྐུལ་སྤེལ་བ་དེ་ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་ཏང་ཤོག་ལ་སྤྲད་པའི་ལས་འགན་གསར་པ་ཞིག་ཡིན་པ་དང་དམངས་གཙོའི་ལྟ་སྐུལ་ཐབས་ལམ་རྒྱ་སྐྱེད་གཏོང་བའི་དགེ་མཚན་ལྡན་པའི་ཚོད་ལྟ་ཞིག་ཡིན་ལ། དམངས་གཙོའི་ཏང་ཤོག་ཁག་གིས་ས་གནས་ཀྱི་ཀྲུང་གུང་ཏང་ཨུ་དང་སྲིད་གཞུང་ལ་རོགས་རམ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་རྣམ་པ་གལ་ཆེན་ཞིག་རེད།  ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱིས་ནན་ཏན་གྱིས་ཞིང་བཟོ་ཏང་ཀྲུང་དབྱང་གིས་སྤྲད་པའི་བདེ་ཆེན་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཁ་གཏད་རོགས་རམ་ལས་འགན་ཡོངས་སུ་འགྲུབ་ཐབས་བྱེད་རྒྱུ་ཡིན་པ་དང་།ཤུགས་ཡོངས་འཇོག་སྟེ་དབུལ་ཕོངས་མང་ཚོགས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ལ་སྐྱོད་པར་རོགས་རམ་བྱེད་རྒྱུ་ཡིན།

ཏུའུ་ཡུང་ཁྲུན་གྱིས་ཉིའུ་ལི་ཝུན་གྱིས་རུ་ཁག་ཁྲིད་ནས་རང་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཁ་གཏད་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་པར་དགའ་བསུ་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཏང་ཨུ་ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཡོད།ཨན་ཧུའེ་ཞིང་བཟོ་ཏང་གིས་དམངས་གཙོས་ལྟ་སྐུལ་བྱེད་པའི་དུས་མཚུངས་སུ། ཚོང་འགུགས་མ་འདྲེན་དང་བློ་རིག་ནང་འདྲེན།སྐྱེ་ཁམས་དང་བདེ་ཐང་དབུལ་སྐྱོར་སོགས་ཀྱི་ཐད་ལའང་བདེ་ཆེན་ཁུལ་ལ་རོགས་སྐྱོར་དེ་བས་མང་བ་གནང་སྟེ།བདེ་ཆེན་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཏན་ཏིག་གིས་བདེ་ཆེན་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས།

གྲོས་ཚོགས་ཐོག  ཞིང་བཟོ་ཏང་ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱིས་རང་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན།དམངས་སྲིད་དང་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་སྤེལ་རེས་ཟབ་མོ་བྱས་ཏེ་ལྟ་སྟངས་མང་པོ་ཞིག་གཅིག་མཐུན་བྱུང་བ་རེད། ཞིང་བཟོ་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་སོགས་ཚོགས་འདུར་ཞུགས་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།