ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཡུན་ནན་ཞིང་ཆེན་གྱིས་ས་མུའུ་ཁྲི230ལ་རྨོ་སྐྱུར་ནགས་སྐྱོང་གི་འཆར་གཞི་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་སྒོས2017ལོར་རྒྱལ་ཁབ་ཀྱིས་ས་མུའུ་ཁྲི230གྱི་སྐོར་ཐེངས་གསར་བའི་རྨོ་སྐྱུར་ནགས་སྐྱོང་གི་འཆར་གཞི་བཏོན་པར་དབྱེ་ཕྲལ་བྱས་ལ། དེའི་ཁྲོད་རྨོ་སྐྱུར་ནགས་སྐྱོང་གི་ས་མུའུ་ཁྲི190དང་། ཕྱུགས་དོར་རྩྭ་སྤེལ་གྱི་ས་མུའུ་ཁྲི40ཡོད་པ་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར15དང་རྫོང་དང་གྲོང་ཁུལ92ལ་འབྲེལ་བ་ཡོད།

ད་ལོའི་ཟླ6པར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནགས་ལས་ཅུའུ། ཞིང་ལས་ཅུའུ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི《2017ལོར་རྨོ་སྐྱུར་ནགས་སྐྱོང་དང་རྩྭ་སྤེལ་ལས་ལོ་འཁོར་གཅིག་གི་ལས་འགན་འོག་རིམ་ལ་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར་ན། ད་ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བའི་རྨང་གཞིའི་ཞིང་ས་མིན་པའི་ཏུའུ25ཡན་གྱི་རྨང་གཞིའི་ཞིང་ས་རྨོ་འདེབས་སྐོར་ཐེངས་གསར་བའི་རྨོ་སྐྱུར་ནགས་སྐྱོང་གི་ཁྱབ་ཁོངས་སུ་བཅུག་ཡོད་དེ། ས་གནས་སོ་སོའི་ཡུན་ནན་ཞིང་ཆེན་གྱི་རྨོ་སྐྱུར་ཚོད་འཛིན་གཞི་རྒྱ་ལས་མི་བརྒལ་བའི་སྔོན་འགྲོའི་ཆ་རྐྱེན་འོག    ད་ལོའི་འཛུགས་སྐྲུན་གྱི་ལས་འགན་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྨང་གཞིའི་ལས་དོན་ཏན་ཏིག་སྒོས་བཀོད་སྒྲིག་བྱས་པ། སྔོན་འགྲོའི་ལས་འགན་དོན་འཁྱོལ་བྱས་པའི་ས་ཆ་བཟང་ཤོས། ད་དུང་དབུལ་ཕོངས་ས་ཁུལ་དང་། གསར་བརྗེ་ས་ཁུལ་རྙིང་བ། མཐའ་མཚམས་ས་ཁུལ་བཅས་གཙོ་བོར་བཟུང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་ཏུ་ཐོག་མར་གཅིག་བསྡུས་སྒོས་ཡུག་གཅིག་ཏུ་འབྲེལ་བ་བཀོད་སྒྲིག་བྱ་རྒྱུ་རེད།

རྨོ་སྐྱུར་ནགས་སྐྱོང་མྱུག་སོན་ནགས་གསོའི་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་ཚད་གཞི་མུའུ་རེ་སྒོར300ནས400འཕར་ཡོད། དེ་དང་ཆབས་ཅིག་ཏུ་ས་གནས་སོ་སོའི་མ་དངུལ་དོ་དམ་འགྲོ་ཁུངས་ལ་གཟབ་ནན་བྱས་ཏེ་དུས་ཆད་ལྟར་ལས་དོན་གྱི་སྒྲུབ་ཚད་སྙན་ཞུ་བྱེད་པ་དང་།  དུས་ཚོད་དམ་འཛིན་གྱིས་གཟར་ཞིང་སྐས་ཞིང་རྨོ་འདེབས་བྱས་པ་གོང་རིམ་ལ་ཡར་ཞུ་བྱེད་པ། ཆུ་འགོ་གཙོ་བོའི་ཁུལ་གྱི་ཏུའུ15ནས་ཏུའུ25ཡི་རི་ལྡེབས་རྨོ་ཞིང་། དེ་མིན་སྦགས་བཙོག་ཚབས་ཆེན་བཟོས་པའི་རྨོ་སྐྱུར་ནགས་སྐྱོང་གི་དགོས་མཁོ་བཅས་ལག་བསྟར་བྱས་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནས་ཚུལ་གསར་བ་དང་། གནད་དོན་གསར་བ་དུས་བབ་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཕྱིར་འདྲེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།