ཡུན་ནན་ཞིང་ཆེན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སེམས་ཀྱི་ཉི་ཟླའིAPPདངོས་སུ་ཤར་གཏོང་བྱས་པ།

1497921176463721.jpg

སྨྱན་སྦྱོར་གསར་པ་གསར་གཏོང་བྱེད་པའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཉིན་རེའི་ཚགས་པར་ཁང་གི་ལག་ཁྱེར་སྦྲེལ་སྣེ་སྟེ་རྒྱ་བོད་སྐད་གཉིས་ཀྱི་སེམས་ཀྱི་ཉི་ཟླའིAPPལས་སྟེགས་དངོས་སུ་དྲ་ཐོག་འཁོར་བསྐྱོད་བཏང་བ་རེད། 

སེམས་ཀྱི་ཉི་ཟླའིAPPལས་སྟེགས་འདི་ལ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ལེ་ཚན་ཡོད།  བོད་ཡིག་ལེ་ཚན་ནང་དུ་གསར་འགྱུར་དང་རིག་གནས།  སྐྱེ་ཁམས། བརྙན་མཐོང་དང་སྒྲ་ཟློས་བཅས་ལེ་ཚན་ལྔ་བཀོད་སྒྲིག་བྱས་ཡོད།   ལེ་ཚན་འདི་དག་གི་ནང་དུ་གཙོ་བོ་བདེ་ཆེན་ཁུལ་གྱི་གསར་འགྱུར་གཙོ་ཤོས་དང་། ཡུལ་སྐོར་རིག་གནས། ཁོར་ཡུག་དང་སྐྱེ་ཁམས།  དམངས་སྲོལ་རིག་གནས།  བརྙན་མཐོང་དང་སྒྲ་ཟློས་སོགས་ཀྱི་ནང་དོན་འགོད་ཀྱི་ཡོད་ཅིང་།  སྨྱན་སྦྱོར་ཐོན་རྫས་འདི་ལ་ད་དུང་བསྟོད་པ་དང་།  དཔྱད་གླེང་།  ནང་དོན་གསོག་ཉར།  བརྒྱུད་སྤེལ་སོགས་ཀྱི་ནུས་པ་ལྡན་ཡོད། 

1497921176972298.jpg

དབུ་ཤོག

1497921176309333.jpg

གསར་འགྱུར་ཤོག་ངོས།

1995ལོའི་ཟླ3པའི་ཚེས2ཉིན།  བདེ་ཆེན་བོད་ཡིག་ཚགས་པར་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱེད་འགོ་བརྩམས་ཤིང་།  རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ས་གནས་ཀྱི་གསར་འགྱུར་དང་རིག་གནས།   དམངས་སྲོལ།  དཔལ་འབྱོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ནུས་པ་མི་དམན་པ་ཞིག་བཏོན་ཡོད།   ལོ་ངོ་དུ་མའི་འབད་བརྩོན་བྱས་པ་བརྒྱུད།  2009ལོའི་ཟླ5པའི་ནང་པར་ངོས་ཆུང་བ་ནས་ཚད་ལྡན་གྱི་པར་ངོས་ཆེ་བ་དང་།  པར་ངོས་ཀྱི་མདོག་དཀར་ནག་ཅན་ནས་ཚོན་ལྡན་ཅན་དུ་བསྒྱུར་ཐུབ་པ་བྱུང་།   ལོ་དེའི་ཟླ6པའི་ཚེས3ཉིན་རྒྱལ་ནང་གཅིག་གྱུར་གྱི་ཚགས་པར་ཨང་རྟགས་ཀྱང་ཐོབ་ཡོད། 

1497921176373568.jpg

རིག་གནས་ཤོག་ངོས།

2013ལོའི་ཟླ5པར། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་དངོས་སུ་ཤར་གཏོང་བྱས་ཤིང་། འདི་ནི་ཡུན་ནན་བོད་ཁུལ་དུ་ཆེས་ཐོག་མར་བཙུགས་པའི་བོད་ཡིག་དྲ་ཚིགས་ཐོག་མ་དེ་ཡིན།དྲ་ཚིགས་ལ་སྐབས་དོན་གསར་འགྱུར་དང་། ཆེད་དོན་ལེ་ཚན། དཔལ་འབྱོར་འཚོ་བ། བོད་ཀྱི་རིག་གནས།མི་རིགས་ཆོས་ལུགས། སྐྱེ་ཁམས་ཡུལ་སྐོར། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད་སོགས་ཀྱི་ལེ་ཚན་ཆེན་པོ་བརྒྱད་སྒྲིག་བཀོད་གནང་ཡོད། དྲ་ཚིགས་འདིར་རྒྱལ་སྤྱིའི་གཅིག་གྱུར་གྱི་ཚད་ལྡན་ཡིག་གཟུགས་ཧི་མ་ལ་ཡ་སྤྱད་ནས། དྲ་རྒྱ་དང་ཚགས་པར། དྲ་ཐོག་ཨང་རྟགས་ཚགས་པར་སོགས་ཀྱི་རྩོམ་སྒྲིག་གཅིག་གྱུར་ཅན་དུ་བཏང་ཡོད། 

1497921176510567.jpg

སྐྱེ་ཁམས་ཤོག་ངོས།

2015ལོའི་ཟླ6པར་གོང་རིམ་འགོ་ཁྲིད་དང་རྩོམ་སྒྲིག་མི་སྣ་ཡོངས་ཀྱི་འབད་བརྩོན་འོག་བདེ་ཆེན་བོད་ཡིག་སྨྱོན་སྦྱོར་ཡང་སྒྲིག་བཟོ་བྱེད་བརྩམས་ཤིང་།གཙོ་བོ་ས་གནས་གསར་འགྱུར་དང་། དཔལ་འབྱོར་དང་སྲིད་ཇུས།  དམངས་སྲོལ་རིག་གནས།   འཕྲོད་བསྟེན་དང་བདེ་ཐང་།   སློབ་གསོའི་ཐབས་ལམ།  ལུས་རྩལ་དང་མཛེས་རྩལ་སོགས་ཀྱི་ཕྱོགས་བསྡུས་ནང་དོན་འགོད་བཞིན་ཡོད།  ལོ་དེའི་ཟླ11པར་བདེ་ཆེན་བོད་ཡིག་ལག་འཕྲིན་ཚགས་པར་རིན་མེད་ངང་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ཞིང་།འདིའི་ནང་གཙོ་བོ་ས་གནས་གསར་འགྱུར་དང་པར་རིས་གསར་འགྱུར། ཕྱོགས་བསྡུས་གསུམ་གྱི་ནང་དོན་འགོད་བཞིན་ཡོད། 

1497921176188524.jpg 

བརྙན་མཐོང་ཤོག་ངོས།

1497921176651283.jpg

སྒྲ་ཟློས་ཤོག་ངོས།

ད་ལྟའི་ཆར་བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གིས་ཚགས་པར་དང་དྲ་རྒྱ།   ལག་འཕྲིན་ཚགས་པར།   སྐད་འཕྲིན། APPལས་སྟེགས་བཅས་ཀྱི་སྨྱན་སྦྱོར་སྣ་ལྔ་ལ་རྩོམ་སྒྲིག་བྱེད་ཀྱི་ཡོད་ཅིང་།   ང་ཚོས་ཅི་ནུས་ཀྱིས་ལས་སྟེགས་ཀྱི་གོ་སྐབས་བདེ་སྤྱོད་ལེགས་པོ་དང་བོད་ཡིག་རྩོམ་སྒྲིག་པ་ཞིག་གི་འགན་འཁུར་མ་དོར་བར་རྒྱ་ཆེའི་ཀློག་པ་པོར་སྣ་འཛོམས་རང་བཞིན་གྱི་གསར་འགྱུར་ནང་དོན་མཁོ་འདོན་བྱེད་ཀྱི་ཡོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།