ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླར་གནད་སྨིན་དབུལ་སྐྱོར་བྱེད་པའི་ཐད་གཙོ་བོ་རིག་སྟོབས་དབུལ་སྐྱོར་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གནད་སྨིན་དབུལ་སྐྱོར་བྱེད་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དངོས་ཕན་ཐོན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

རོགས་སྐྱོར་བྱ་ཡུལ་ཐད“ཀུན་ལ”མཐོང་ཆེན་བྱས་ནས་མི་ཡོངས་ལ་ཁྱབ་པའི་འགན་ལེན་བྱས། བྱེད་ཐབས་ཐད“གསོན་ཤུགས”འཕེལ་རྒྱུར་མཐོང་ཆེན་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུའི་འགན་ལེན་བྱས། ནང་དོན་ཐད“ཏན་ཏིག”ལ་མཐོང་ཆེན་བྱས་ནས་དོན་དངོས་དང་ཉེ་བཅར་ཡོང་བའི་འགན་ལེན་བྱས། དོ་དམ་ཐད“ནན་པོ”བྱ་རྒྱུར་མཐོང་ཆེན་བྱས་ནས་ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས།

རོགས་སྐྱོར་བྱ་ཡུལ་ཐད། “ཀུན་ལ”མཐོང་ཆེན་བྱས་ནས་མི་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཤིང་། གྲོང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་དབུལ་པོའི་ལས་བྱེད་པའི་ཁྲོད་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་མིག་སྔའི་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། གྲོང་ཨུད་རྩ་འཛུགས་པུས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསོ་སྦྱོང་གི་ཇུས་གཞི་བཟོས་ཏེ་རིམ་པ་དབྱེ་ནས་གསོ་སྦྱོང་བྱེད་ཐབས་སྤྱད་པ། གྲོང་ཨུད་ཏང་སློབ་ཀྱིས་གྲོང་ཚོ་ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དང་གནད་སྨིན་དབུལ་སྐྱོར་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་གཉེར་ནས་གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། འདེམས་མངགས་བྱས་པའི་ལས་བྱེད་པ། དབུལ་སྐྱོར་ལས་བྱེད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་ལ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད།

བྱེད་ཐབས་ཐད། “གསོན་ཤུགས”འཕེལ་རྒྱུར་མཐོང་ཆེན་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུའི་འགན་ལེན་བྱས་ཤིང་། ཆེད་དོན་འཆད་ཁྲིད་དང་སློབ་མའི་གྲོས་བསྡུར་ཟུང་འབྲེལ་དང་། སློབ་ཁང་གི་སློབ་ཁྲིད་དང་མྱོང་ཁྲིད་ཟུང་འབྲེལ། རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་ལག་ལེན་གྱི་གསོ་སྦྱོང་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་ཐོག་ནས་གསོ་སྦྱོང་གི་ཡིད་དབང་འཕྲོག་ཤུགས་དང་ཉེར་སྤྱོད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། དབུལ་སྐྱོར་དང་། ཞིང་འབྲོག ནགས་ལས། ཕྱུགས་རིགས། ཚོང་དོན། ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་ཀྱི་སྡེ་ཚན་དང་ཚན་པའི་འགོ་ཁྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣས་སློབ་ཚན་འཁྲིད་རྒྱུ་བཀོད་སྒྲིག་བྱས་པ་དང་། གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཉི་འོད་དྲོད་ཁང་དང་། གསོ་ཚགས་དྲོད་ཁང་། ཁྱད་ལྡན་ཤིང་འབྲས་དཔེ་སྟོན་ཁུལ(ས་ཚིགས)བཅས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་གསོ་སྦྱོང་ནང་ཞུགས་མཁན་སློབ་མར་བཀོལ་སྤྱོད་བྱེད་སྟངས་སློབ་པ་དང་ཞིང་འབྲོག་ལས་ཀྱི་སྒྲིག་བཀོད་དང་ཁྱད་ལྡན་ཤིང་འབྲས་ལས་རིགས་འཛུགས་སྐྲུན་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཐད་ཀྱི་རྩལ་ནུས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་སློབ་མའི་མཐོང་རྒྱ་ཆེ་རུ་དང་བསམ་ཕྱོགས་རྒྱ་སྐྱེད་ཡོང་བ་དང་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ་རེད།

ནང་དོན་ཐད། “ཏན་ཏིག”ལ་མཐོང་ཆེན་བྱས་ནས་དོན་དངོས་དང་ཉེ་བཅར་ཡོང་བའི་འགན་ལེན་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསོ་སྦྱོང་ནང་ཞུགས་མཁན་སློབ་མར་གསོ་སྦྱོང་ལ་མཁོ་བའི་བརྟག་དཔྱད་རེའུ་མིག་སྔོན་ལ་སྤྲད་པ་དང་། གྲོང་ཚོ་དབུལ་པོའི་ལས་བྱེད་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་སྨིན་དབུལ་སྐྱོར་ཐད་ཀྱི་གནད་དོན་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ་གསེད་དཀྲོལ་ཕྱོགས་བསྡུས་དང་དབྱེ་ཞིབ་ཞིབ་འཇུག་བྱས་པ་རེད།

དོ་དམ་ཐད། “ནན་པོ”བྱ་རྒྱུར་མཐོང་ཆེན་བྱས་ནས་ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཤིང་། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཨུད་ཏང་སློབ་ཀྱིས་ཆེད་མི་བཀོད་སྒྲིག་བྱས་ནས་བརྒྱུད་རིམ་ཧྲིལ་པོར་མཉམ་ཞུགས་བྱས་པ་དང་། དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྱོར་ཐོ་འགོད་པའི་ལམ་ལུགས་དང་། མིང་བཤེར་བྱེད་པའི་ལམ་ལུགས། དགོངས་ཞུའི་ལམ་ལུགས་སོགས་གསོ་སྦྱོང་གི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་སློབ་སྦྱོང་གི་དུས་ཚོད་དང་། མི་སྣ། ཕན་འབྲས་བཅས“དོན་འཁྱོལ་གསུམ”འགན་ལེན་བྱས་པ། གསོ་སྦྱོང་གི་ཕན་འབྲས་ལ་དཔྱད་གདེང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མར་གསོ་སྦྱོང་མཇུག་འགྲིལ་རྗེས་སློབ་སྦྱོང་གི་མྱོང་ཚོར་བྲིས་ནས་སྐྱེལ་དགོས་པ་དང་ཆབས་ཅིག་གསོ་སྦྱོང་བྱས་ཚུལ་དེ་ལས་བྱེད་པའི་ལོ་འཁོར་གྱི་དངོས་ཡོད་གྲུབ་འབྲས་ཀྱི་དཔྱད་ཞིབ་ནང་བཅུག་ནས་སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་དང་རིམ་པ་དཔྱད་འདེམས་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་པའི་བླང་བྱ་བཏོན་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་སློབ་ཀྱི་གསོ་སྦྱོང་ལས་དོན་གྱི་དཔྱད་བསྡུར་ལམ་སྲོལ་བཙུགས་ནས་གྲོང་ཚོ་དབུལ་པོའི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ལས་དོན་དེ་ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལས་ཀའི་དཔྱད་ཞིབ་དམིགས་ཚད་ནང་བཅུག་ནས་ཤང་དང་གྲོང་རྡལ་གྱི་ཏང་སློབ་ཀྱི་གསོ་སྦྱོང་གནས་ཚུལ་ལ་ཚད་འབེབས་དཔྱད་བསྡུར་བྱས་ཏེ་གསོ་སྦྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།