ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྨན་བཅོས་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ལ། གཞི་རིམ་སྨན་བཅོས་སྡེ་ཚན་གྱི་མི་བེད་སྤྱོད་པའི་དགོས་མཁོ་ལ་གཞིགས་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་འཕྲོད་བསྟེན་མ་ལག་ཏུ་གདན་ཞུ་ཞུས་ཏེ་བྱ་བ་སྒྲུབ་པ་དང་། མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུར་ཤུགས་བརྒྱབ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་གྱི་ལས་གནས་དཀོན་རིགས་ལ་གཞིགས་ནས། མི་རྩ་བར་འཛིན་པའི་མི་འདེམས་མི་སྤྱོད་ཀྱི་རྩ་དོན་གཏན་འཁེལ་དང་། མི་འགོད་མཁན་གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ་མི་བསྡུ་བའི་གོ་རིམ་ཚད་ལྡན་དུ་གཏོང་སྟེ། བྱང་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་གང་ཐུབ་བྱས། གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་དགོས། ན་ནིང་གྲོང་ཁྱེར་བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་གྱི་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་དང་གཞི་རིམ་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣར་ཞག་སྡོད་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་མི2བྱས་པ་དང་།  ཚན་ཁག་ཡོངས་ཀྱི་ལས་གཉེར་ལས་རོགས་སྨན་པའི་ཚད་ལྡན་གྱི་གསོ་སྦྱོང་མི5བཅས་ཡོད། ཚན་ཁག་ཡོངས་ཀྱི་སྨན་པའི་ལས་གནས་བརྗེ་བའི་གསོ་སྦྱོང་མི2དང་།  ནད་ཐོག་ལུགས་མཐུན་སྨན་སྤྱོད་དགེ་རྒན14། བྱིས་ནད་ཚན་ཁག་གི་སྨན་པའི་ལས་གནས་བརྗེ་བའི་མི1བཅས་ལ་གསོ་སྦྱོང་བྱས། སྡེ་བའི་འཕྲོད་བསྟེན་ཁང་གི་མི་སྣར་ཀྲུང་ལུགས་གསོ་རིག་གི་འཚམ་མཐུན་ལག་རྩལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། གཞི་རྩའི་སྨན་བཅོས་ཞབས་ཞུ་ཤེས་བྱ་བཅས་མི་ཐེངས40ལ་གསོ་སྦྱོང་རྒྱ་ཆེར་སྤེལ།  ( 2015ལོར་རྣམ་གྲངས) ཤང་དང་གྲོང་ཚོའི་སྨན་པ་ལས་འབྲིང་རིམ་ཆེད་ལས་སློབ་རིམ་སློབ་གསོ་མྱངས་བའི་སྨན་པ( གྲོང་གསེབ་ཀྱི་གསོ་རིག)26ཡོད་པ་དང་། ཕྱི་རུ་སོང་ནས་དུས་ཐུང་རིང་ཟབ་སྦྱོང་བྱས་པའི་མི6། ཁུལ་ནང་ཁུལ་གྱི་དུས་ཐུང་རིང་གི་ཟབ་སྦྱོང་མི་ཐེངས12ཡོད། 

2016ལོར་ཞིང་སྡེའི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ་གསོ་སྐྱོང་བྱས་ནས་དངོས་གཞིའི་ཚན་ཁག་གི་མི8དང་། ཆེད་ལས་ཚན་ཁག་མི4ལ་གནས་གཏན་འཁེལ་གྱི་གྲོས་མཐུན་བཞག ཤང་དང་གྲོང་ཚོའི་སྨན་པའི་ལས་སྒོའི་ཆུ་ཚད་ཀྱི་རྒྱུགས་གཞི་སྤེལ་རྗེས་ཤང་དང་གྲོང་ཚོའི་སྨན་པ་མི36ཁ་གསབ་བྱས།  2015ལོར་ལས་གཉེར་སྨན་པ22དང་ལས་གཉེར་སྨན་པའི་ལས་རོགས121རྒྱུགས་ལེན་པ་ལེགས་འགྲུབ་བྱུང་། 2016ལོར་སྨན་པའི་ཐོབ་ཐང་རྒྱུགས་སྤྲོད་དང་ལག་ལེན་རྩལ་ནུས་བཀོལ་སྤྱོད་ཀྱི་རྒྱུགས་ལེན་པར་རྩ་འཛུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།