ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཧའོ་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུང་རེན་ལ་ལ་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

148524621064884.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན།ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག  ཁྲིན་ཧའོ་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུང་རེན་ལ་བདམས་ཐོན་བྱུང་བ་དང་།རོན་ཁྲེང་ཧྥ་ཡུན་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ལ་བདམས་ཐོན་བྱུང་བ་རེད།

ཟླ1པོའི་ཚེས21ཉིན།ཡུན་ནན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག  ལི་ཅང་དང་ཧོང་དབྱི་གཉིས་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།