ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་རྣམ་གྲངས4ལ་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wKhTg1h0LFUEAAAAAAAAAAAAAAA957.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་འདུའི་སྟེང་། ཡུན་ནན་ཞིང་ཆེན་ལེགས་འགྲུབ་ཚན་པ་དང་པོའམ་ཡང་ན་ལེགས་འགྲུབ་ཚན་པ་གཙོ་བོ་ཡིན་པའི་ཆ་ནས་རྣམ་གྲངས4ལ2016ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་གཟེངས་བསྟོད་བྱ་དགའ་ཐོབ་ཅིང་། དེའི་ནང་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ1དང་། རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ1 ། རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ2བཅས་འདུས། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ནི་ཡུན་ནན་ཞིང་ཆེན་ལ་བྱ་དགའ་དེའི་ཐོབ་ཐེངས་ཐོག་མ་རེད།

ཡུན་ནན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་འབྲུ་རིགས་སྐྱེ་དངོས་ཞིབ་འཇུག་ཁང་དང་རྒྱལ་སྤྱིའི་གྲོ་དང་མ་རྨོས་ལོ་ཏོག་རྒྱུད་བཟང་ལྟེ་གནས་མཉམ་ལས་རྣམ་གྲངས་ལ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲད་པ་རེད། རྒྱལ་སྤྱིའི་གྲོ་དང་མ་རྨོས་ལོ་ཏོག་རྒྱུད་བཟང་ལྟེ་གནས་ནི་ཁེ་གཉེར་རང་བཞིན་མིན་པའི་རྒྱལ་སྤྱིའི་ཞིང་ལས་ཞིབ་འཇུག་དང་གསོ་སྦྱོང་ལས་ཁུངས་ཡིན་ལ་གཙོ་བོ་མ་རྨོས་ལོ་ཏོག་དང་གྲོའི་སོན་རྒྱུའི་ཞིབ་འཇུག་གསར་གཏོད་བྱེད་པ་དང་རིགས་རྒྱུད་གསར་པ་བདམས་གསོ་བྱེད་པ་དེ་ཡིན།

ཁུན་མིང་རྩིས་ཚན་སློབ་ཆེན་ལེགས་འགྲུབ་ཚན་པ་དང་པོ་ཡིན་པའི“མདོག་ལྡན་ལྕགས་རིགས་མཉམ་བསྲེས་བྱས་པ་ལས་ཐོན་པའི་མུ་ཟིའི་ལྕགས་གཏེར་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་གྱི་འགག་རྩའི་ལག་རྩལ་དང་ལག་ལེན”ཞེས་པའི་རྣམ་གྲངས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། རྣམ་གྲངས་ཀྱིས་མུ་ཟི་ལྕགས་གཏེར་ཁྲོད་ལྕགས་ཀྱི་གཏེར་ཁ་བེད་སྤྱོད་བྱེད་པ་དམིགས་ཡུལ་དུ་བཟུང་ནས་མདོག་ལྡན་ལྕགས་རིགས་མཉམ་སྐྱེས་མུ་ཟིའི་ལྕགས་གཏེར་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ་ལོ་ངོ10ལྷག་གི་རིགས་གཞུང་ཞིབ་འཇུག་དང་རྒྱུན་མཐུད་འགག་སྒྲོལ་རབ་དང་རིམ་པ་ལ་འབུར་དུ་ཐོན་པའི་གྲུབ་འབྲས་བླངས།

ཡུན་ནན་སྐུད་མེད་གྲངས་གཞིའི་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་ལེགས་འགྲུབ་སྡེ་ཚན་གཙོ་བོ་ཡིན་པའི“DTMBམ་ལག་གི་རྒྱལ་སྤྱི་ཅན་དང་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་དང་ལག་ལེན”ཞེས་པའི་རྣམ་གྲངས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལི་ཅང་གི་ཟས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དེ་ལེགས་འགྲུབ་སྡེ་ཚན་གཙོ་བོ་ཡིན་པའི་ཆ་ནས“ཁྱད་ཆོས་ལྡན་པའི་རིགས་གསུམ་གྱི་ཤིང་རྒྱུད་མེ་ཏོག་ཀྱི་རིགས་གསར་བ་གསོ་སྐྱོང་དང་ཐོན་ལས་རིམ་སྤར་འགག་རྩའི་ལག་རྩལ”ཞེས་པའི་རྣམ་གྲངས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།