ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཞིང་ལས་ཚན་རྩལ“གཞི་རིམ་དུ་བསྐྱོད་པ་གསུམ”བྱེད་སྒོ་རྒྱ་ཆེར་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec888feb46eb19d696de07.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཁོངས་གཏོགས་ཀྱི་ས་ཚིགས15ལྷག་རྩ་འཛུགས་བྱས་ནས་ཞིང་ལས་ཚན་རྩལ་“གཞི་རིམ་དུ་བསྐྱོད་པ་གསུམ”བྱེད་སྒོ་རྒྱ་ཆེར་སྤེལ།  བྱེད་སྒོའི“སློབ་པ་གཉིས་དང་བྱེད་པ་གཅིག”དང་ཟུང་འབྲེལ་བྱས་ཏེ“སྲིད་ཇུས་སྐྱེལ་བ་དང་། ཚན་རྩལ་སྐྱེལ་བ། དངོས་ཟོག་སྐྱེལ་བ”ཞེས་པའི་བརྗོད་གཞིར་དམིགས་ནས་སོ་སོར་འབའ་ལུང་རྫོང་ཡ་དཀྲིས་གྲོང་རྡལ་ལུའོ་ན་སྡེ་བ་དང་།  ལ་པོ་ལོ་སྡེ་བ། པོ་ཧུ་གྲོང་རྡལ་ལ་ཀ་བ་སྡེ་བ་བཅས་ནས་བསྡུས།

བྱེད་སྒོ་སྤེལ་པའི་རིང་ཆེད་མཁས་པའི་ཞིང་ལས་ཁྲིམས་སྲོལ་དང་ལག་རྩལ་རྒྱུ་ཆ་སོགས་འགྲེམ་གཏོང་དང་འགྲེལ་བཤད་བྱས་ནས་མང་ཚོགས་རྣམས་ཀྱིས་ཚན་རིག་སྦྱངས་བ་དང་། ཚན་རིག་བཀོལ་སྤྱོད། ཚན་རིག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པ། ལག་རྩལ་ལྡན་པའི་ཞིང་པ་བྱེད་པར་སྣེ་འདྲེན་བྱས། 《རྒུན་འབྲུམ་སོན་བཟང་གསོ་སྤེལ་སྐོར་གྱི་ལག་རྩལ》《ཞིང་སྨན་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་པ》《ས་བོན་རྫུན་མ་དང་ས་བོན་ཞན་པའི་རིགས་བགར་ཚུལ》《ཞིང་བའི་གསོ་སྦྱོང་གི་ཀློག་དེབ》སོགས་རིགས20ལྷག་གི་ཞིང་ལས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིང་ལས་ཚན་རྩལ་རྒྱུ་ཆ་བསྡོམས་པས1500ལྷག་འགྲེམས་གཏོང་བྱས་ཏེ། ཞིང་བའི་དུད་ཚང་ལ་མ་རྨོས་ལོ་ཏོག་གི་སོན་བཟང་སྤྱི་རྒྱ3250དང་། ཞིང་སྨན་ཁུག་མ1000 ། སྔོ་ཚལ་གྱི་ས་བོན་ཁུག་མ700ལྷག་འགྲེམས་གཏོང་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།