ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལུང་རྫོང་གིས་སྐབས་དང་པོའི་ཐ་ཁྲེང་ཁ་བཏགས་ལོ་ལེགས་རིག་གནས་དུས་ཆེན་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ec888feb46eb19b8af4709.jpg

ec888feb46eb19b8af6a0c.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན་གྱི་སྔ་དྲོར།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་སྐབས་དང་པོའི་ཐ་ཕྲེང་ཁ་བཏགས་ལོ་ལེགས་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཐ་ཕྲེང་གྲོང་རྡལ་ཆི་པི་སྡེ་བའི་ཁ་བཏགས་ཞིང་གྲོང་དུ་བསྡུས། སྐུ་མགྲོན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས2000ལ་ཉེ་བ་མཉམ་དུ་དགའ་འཛོམས་བྱུང་ནས་རིག་གནས་དུས་ཆེན་གྱི་ཟས་ཞིམ་པོ་མཉམ་སྤྱོད་བྱས། །

ec888feb46eb19b8afaa1b.jpg

ec888feb46eb19b8af890f.jpg

ཉིན་དེར།མི་རིགས་ཀྱི་དམངས་ཁྲོད་རིག་གནས་དང་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱས་པ་དང་།རྒུན་འབྲུམ་གཞིས་ཀར་ཉམས་ཞིབ་བྱས་པ།རས་པ་འཁྲབ་པ།རྒུན་ཆང་གི་བྲོ་བ་ཉམས་ནས།གང་ལེགས་ཀྱིས་ཐ་ཕྲེང་གི་ཡུལ་སྲོལ་མི་རྣམས་ལ་བསྟན། 

ec888feb46eb19b8af9a14.jpg

ec888feb46eb19b8afc024.jpg

ཤེས་གསལ་བྱུང་བ་ལྟར་ན། སྐབས་འདིའི་རིག་གནས་དུས་ཆེན་ནི་གནས་སྐོར་འོས་སྦྱོར་དང་། རིག་གནས་འགྲེམ་སྟོན་གཅིག་དྲིལ་གྱི་ཚོགས་འདུ་གཟབ་རྒྱས་ཞིག་ཡིན་ལ། དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རིག་གནས་ཀྱི་ཤུགས་ཆེ་རུ་གཏོང་བ། གྲོང་སྡེའི་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཀྱང་ཡིན་ལ།དེའང་ཐ་ཕྲེང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་གང་ལེགས་འདོན་སྤེལ་བྱེད་པ་དང་གནས་སྐོར་རིག་གནས་གྱི་གྲོང་རྡལ་སྟོབས་ཤུགས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་གཙོ་བོ་ཞིག་ཀྱང་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།