ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ནན་གྱིས་ཏང་སྐྱོང་བ་དང་། གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་བཏོན་པའི་རེ་འདུན་གསར་བ་དང་། ལས་འགན་གསར་བ་དེ་བཞིན་ཁུལ་ཨུའི་གསར་ཏུ་བཏོན་པའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི“1+X”བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་དེའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཁྲོད་ཕྱིར་མངོན་པའི་རྨང་གཞི་བརྟན་པོ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཇི་ལྟར་གོམ་དང་མདུན་སྤོས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕྲད་པའི་གནད་དོན་དག་ཇི་ལྟར་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། ཁྱོན་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ་ཁག་ལ་བཀོད་འདོམས་བྱེད་པར་སྐུལ་འདེད་བྱས་ནས་འགན་འཁྲི་དོན་འཁྱོལ་དམ་པོར་བཟུང་སྟེ་ཁྱོན་ཡོངས་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། 

གཙོ་གནད་འབུར་དུ་ཐོན་པ་དང་། བྱེད་ཐབས་ཀྱི་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། དམ་པོར་སྒོས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི“གཙོ་གནད་འབུར་དུ་ཐོན་པ། རིགས་དབྱེ་ནས་སྐུལ་འདེད་བྱེད་པ། དཔེ་སྟོན་སྣེ་འཁྲིད་བྱེད་པ”སོགས་ཀྱི་བྱ་བའི་བསམ་ཕྱོགས་ལ་དམིགས་ནས། “ལམ་ཐིག་གསུམ་དང་ལྟེ་བ་གཅིག”སྒྲིག་གཞི་བྱས་ཏེ “ལམ་ཐིག་གསུམ་དང་ལྟེ་བ་གཅིག”གི་ཏང་འཛུགས་འཛུགས་སྐྲུན་གྱི་བྱ་བ་ལག་བསྟར་བྱས་ལ། ས་ཁོངས་དབྱེ་བ་དང་། ཁྱབ་ཁོངས་དབྱེ་བ་བཅས་བྱས་ནས་གཅིག་བསྡུས་སྒོས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སྐོར་ཅིག་བསྐྲུན་ཏེ་གཞི་རིམ་ཏང་རྩ་འཛུགས་བརྟན་པོ་འཛུགས་པ་དང་། ཏང་འཛུགས་སྐྱོང་གི་ཟོང་རྟགས་གསོ་སྐྱོང་བྱེད་པ། བོད་ཁུལ་གྱི་ཁྱད་ཆོས་འགྲེམ་སྟོན་བཅས་བྱས་ཏེ་ས་ཚིགས་ཀྱིས་ངོས་ཀྱི་སྣེ་འཁྲིད་དེ་ཁྱོན་ཡོངས་སུ་སྐུལ་འདེད་བྱས། གཙོ་བོ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱིའི་བྱེད་ནུས་འབུར་དུ་ཐོན་པ་དང་། ལས་ཁུངས་དོན་ལས་སྡེ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཐེག་ཁུར་འབུར་དུ་ཐོན་པ། རྒྱལ་གཉེར་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་འབུར་ཐོན་ཡིན་པ། རིགས་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་དང་བྱ་བ་གཉིས་ཀྱི་ཁེབས་པ་འབུར་ཐོན་ཡིན་པ། སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་བཏོན་པ་འབུར་ཐོན་བཅས་ཡིན། 

འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་མཉམ་འདོན་གྱི་སྐུལ་འདེད་བྱས་ནས་ཏང་འཛུགས་སྐྱོང་གི་བྱ་བ་དོན་འཁྱོལ་ཡོང་བར་ཁག་ཐེག་ཏན་ཏིག་བྱས་པ།  ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ངེས་གསལ་བྱས་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་ཐེག་ཁུར་བྱེད་པ། རིགས་དབྱེ་ནས་ལག་བསྟར་དང་མཛུབ་སྟོན་བྱས་ཞིང་། གཞི་རིམ་ཏང་འཛུགས་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་རོགས་སྐྱོར་བྱེད་པ་དང་། གཏོང་བའི་ཤུགས་ཚད་ཆེ་རུ་བཏང་ནས་གྲོན་དངུལ་འགན་སྲུང་ལམ་ལུགས་འཛུགས་པ། གཟབ་ནན་སྒོས་དཔྱད་ཞིབ་བརྟག་བསྡུར་བྱས་ཏེ་དཔེ་སྟོན་གསར་སྐྲུན་གྱི་བྱ་བ་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་དམིགས་འབེན་དཔྱད་ཞིབ་ཁྲོད་འཇུག་པ། ཞིབ་བཤེར་བརྡ་ཁྱབ་ལ་ལྟ་སྐུལ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ“མཉམ་བཤད་མཉམ་འཇོག་མཉམ་ཞིབ”ཀྱི་ནང་དོན་གཙོ་བོའི་ནང་འཇུགཔ། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཁྲོད་ཀྱི་དཔེ་མཚོན་ཉམས་མྱོང་དང་སྔོན་ཐོན་དཔེ་མཚོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་མྱུར་མོ་དང་། རོགས་རམ།  ཚད་བརྒལ་ཡིན་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།