ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དང་པོའི་འཛམ་གླིང་གི་ཤམ་བྷ་ལ་ཞེས་པའི་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་གླེང་སྟེགས་འགོ་ཚུགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན།    ཁུལ་ཡུལ་སྐོར་སྡེ་ཚོགས།   འཛམ་གླིང་གི་གྲོང་གསེབ་ཡུན་ནན་དུ་གནས་པ་ཞེས་པའི་གླེང་སྟེགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བའི་སྐབས་དང་པོའི་འཛམ་གླིང་གི་ཤམ་བྷ་ལ་ཞེས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གླེང་སྟེགས་དང་འཛམ་གླིང་གི་གྲོང་གསེབ་ཡུན་ནན་དུ་གནས་པ་ཞེས་པའི་གླེང་སྟེགས་དེ་སེམས་ཀྱི་ཉི་ཟླར་འགོ་ཚུགས་ཏེ།   ས་གནས་སོ་སོ་ནས་ཡོང་བའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་ལག་ལེན་བསྟར་མཁན།   དམིགས་བསལ་གདན་ཞུས་སྐུ་མགྲོན་སོགས་མི་50ལྷག་མཉམ་དུ་འཛོམས་ཏེ།     བརྗོད་བྱ་གཙོ་བོའི་འཆད་ཁྲིད་དང་གླེང་སྟེགས་བརྗེ་རེས།  གྱོད་དོན་དཔེ་མཚོན་མཉམ་སྤྱོད།   གྲོང་སྡེར་རྟོག་ཞིབ་སོགས་ཚུལ་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དང་སྐྱེ་ཁམས་འཕེལ་རྒྱས།  དཔལ་འབྱོར་མཉམ་སྤྱོད་བཅས་ཕྱོགས་གསུམ་སྐོར་ནས།   གྲོང་གསེབ་རིག་གནས་སྐྱེ་ཁམས་ཀྱི་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་འཕྲད་པའི་གནད་དོན་དང་འགྲན་བསྡུར།   གོ་སྐབས་སོགས་ལ་ཞིབ་དཔྱད་བྱས་ཏེ།  ཀྲུང་གོའི་གྲོང་གསེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་བློ་རིག་འབུལ་བ་དང་།   ཡུལ་ཕྱོགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོང་ལ་མཉམ་དུ་སེམས་ཁུར་བྱ་དགོས་པའི་འབོད་སྐུལ་གནང་བ་རེད།

wa_147807815676829.jpg

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་གསུང་བཤད་གནང་བ།

wa_147807817390183.jpg

ཡུན་ནན་གྲོང་ཁྱེར་དངུལ་གཏོང་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་ཡང་ཐའོ་ཡིས་གསུང་བཤད་གནང་བ

ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར།  གྲོང་གསེབ་ཡུལ་སྐོར་ནི་འཛམ་གླིང་ཡུལ་སྐོར་གྱི་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་འགྱུར་བ་དང་།   ཡུལ་སྐོར་གསར་སྤེལ་ཁྲོད་དུ་གང་འདྲ་བྱས་ན་ཡུལ་ཕྱོགས་རིག་གནས་ཀྱི་གསོ་སྐྱོང་དང་།   ཁོར་ཡུག་སྲུང་སྐྱོང་།  དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་འགུལ་རྣམ་དོ་མཉམ་རྒྱུན་འཁྱོངས་བྱ་དགོས་པ་དེ་སྐབས་འདིའི་གླེང་སྟེགས་ཀྱི་གྲོས་གཞི་གལ་ཆེན་ཞིག་ཏུ་འགྱུར་ཡོད།   གླེང་སྟེགས་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས་གྲོས་གླེང་དང་ཤེས་ཡོན་མཉམ་སྤྱོད་བྱས་ནས།   ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་དཔལ་འབྱོར་རྒྱ་ཁྱོན་གྱི་འཕེལ་རྒྱས་ལེགས་སུ་གཏོང་བ་དང་།  ཡུན་ནན་ཡུལ་སྐོར་གྱི་རིམ་སྤར་དང་བཅོས་བསྒྱུར་ལ་བསམ་ཕྱོགས་གསར་པ་དང་།  དཔེ་དབྱིབས་གསར་པ།  ཉམས་མྱོང་གསར་པ་དྲངས་པ་རེད།

wa_147807819266546.jpg

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ཡུལ་སྐོར་ཆེད་མཁས་པ་ཞུས་ཧྥན་གྱིས་གསུང་བཤད་གནང་བ།

wa_147807840591565.jpg

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།   ཁུལ་དཔོན་ཆི་ཅན་ཞིན་གྱིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ།

ཆེད་མཁས་པ་མང་པོའི་གསུངས་དོན།     ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དར་འཕེལ་དུས་རབས་སུ།  སྲོལ་རྒྱུན་གྱི་ལྟ་སྐོར་ཚུལ་གྱི་ཡུལ་སྐོར་འཕེལ་རྒྱས་དཔེ་དབྱིབས་དེ་དུས་རབས་ཀྱི་འཕེལ་རྒྱས་དགོས་མཁོར་ལེགས་པོ་མཐུན་མི་ཐུབ་པ་དང་།  དེ་བས་ལེགས་པས་ཡུལ་སྐོར་བའི་སྣ་མང་རང་བཞིན་དང་ཁྱད་ཆོས་རང་བཞིན་གྱི་འཛད་སྤྱོད་དགོས་མཁོ་འཚེང་བའི་ཆེད་དུ་ཡུལ་སྐོར་འཛད་སྤྱོད་བྱེད་མཁན་རྣམས་ལ་མཐུན་པའི་ལམ་བུ་གསར་པ་ཞིག་འཚོལ་དགོས།       ཀྲེ་ཅང་སློབ་ཆེན་གྱི་ཡུལ་སྐོར་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་།   དགེ་རྒན་ཆེན་པོ།  འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་ཝང་ཝན་ཧྥེའི་གསུངས་དོན།  ས་ཁོངས་ཡོངས་ཀྱི་ཡུལ་སྐོར་མཐོང་ཟུར་འོག་གི་གྲོང་གསེབ་དཔལ་འབྱོར་དེ་ཐོག་མར་འཕེལ་རྒྱས་དཔེ་དབྱིབས་ཀྱིས་མཛུབ་སྟོན་དགོས།   ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་དང་།  ས་བབ་ཁོར་ཡུག   འགྲིམ་འགྲུལ་ཁོར་ཡུག་སོགས་ལ་ཤེས་ཐབས་བྱེད་དགོས།

wa_147807855797467.jpg

wa_147807855812936.jpg

wa_147807855936641.jpg

འགོ་ཚུགས་མཛད་སྒོའི་ཡུལ་དངོས།

བདེ་ཆེན་དུ་ཕུན་སུམ་ཚོགས་པའི་གྲོང་གསེབ་ཡུལ་སྐོར་གྱི་ཐོན་ཁུངས་ཡོད་པ་དང་།   དེའི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་སྐྱེ་ཁམས་དང་མི་རིགས་རིག་གནས་ཀྱིས་གླེགས་བམ་གྲོང་སྡེ་དང་།  བྲག་དཀར་གྲོང་སྡེ།  མྱི་ཟུར་གྲོང་སྡེ་ལ་སོགས་པའི་འཛམ་གླིང་དུ་སྙན་གྲགས་ཆེ་བའི་གྲོང་སྡེ་མཛེས་ལྡན་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་དང་།   ཡུལ་བབ་དང་སྟུན་ནས་གྲོང་གསེབ་ཡུལ་སྐོར་དར་སྤེལ་བྱེད་པ་ནི་བདེ་ཆེན་གྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དར་འཕེལ་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན།  དེར་བརྟེན།  ཟླ11པའི་ཚེས1ཉིན་དུ་གླེང་སྟེགས་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཤམ་བྷ་ལའི་བོད་ཀྱི་རིག་གནས་དངོས་མང་གཤམས་སྟོན་ཁང་དུ2016ལོའི་ཡུན་ནན་གྱི་སྲོལ་རྒྱུན་གནའ་གྲོང་གི་སྲུང་སྐྱོང་དང་འཕེལ་རྒྱས་ཏེ་སེམས་ཀྱི་ཉི་ཟླའི་གྲོས་གཞི་འདོན་ཡིག་ཐོག་མཉམ་དུ་མིང་འགོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།