ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་པད་མ་གངས་རིའི་ཕུག་ལམ་དངོས་སུ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6c3be50c55b21981584a44.jpg

6c3be50c55b2198158504d.jpg

6c3be50c55b21981588d0a.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས31ཉིན་གྱི་སྔ་དྲོར། རྒྱལ་ལམ214གྱི་སེམས་ཀྱི་ཉི་ཟླ་རྫོང་ནས་བདེ་ཆེན་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སྟེ་པད་མ་གངས་རིའི་ཕུག་ལམ་གྱིས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་པ་དེའི་སེམས་ཀྱི་ཉི་ཟླ་ནས་བདེ་ཆེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ལམ་ཐིག་ཧྲིལ་པོར་དངོས་སུ་ཤར་གཏོང་ཐུབ་པ་མཚོན།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ལམ214གྱི་སེམས་ཀྱི་ཉི་ཟླ་རྫོང་ནས་བདེ་ཆེན་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བུན་འཇལ་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་གཅིག་གྲས་ཤིག་ཡིན་ལ། དེ་ནི་ཡུན་ནན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་དང་། ཁོར་ཡུག་ཞན་ཤོས། ས་གཤིས་ས་དབྱིབས་རྙོག་འཛིང་ཆེ་ཤོས། ཨར་སྐྲུན་དཀའ་གནད་ཆེ་ཤོས། ལས་འགན་ལྗིད་ཤོས་ཀྱི་གཞུང་ལམ་གཅིག་ཀྱང་ཡིན། པད་མ་གངས་རིའི་ཕུག་ལམ་ལས་གཞི་ནི་ཨང1པོ་དང་། 2པ། 3པའི་ཕུག་ལམ་ཀྱིས་གྲུབ་པ་ཡིན་ཏེ། ཕུག་ལམ་གསུམ་པོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལྷག་ཙམ་ཡོད་པའི་པད་མ་གངས་རིར་ཡོད་པ་དང་། ཕུག་ལམ་གྱི་རིང་ཚད་ལ་བསྡོམས་པས་སྨི19488.4ཡོད། ཕུག་ལམ་ཨང1པོ་ནི་ཆེས་རིང་ཤོས་དེ་ཡིན་ལ་ཕུག་ལམ་གཙོ་བོ་སྨི5180དང་། མཉམ་སྤྱོད་ཕུག་ལམ་གྱི་སྨི5160། གཏེར་ཁྲོན་ཁ་གསེག་སྨི385.4། འཕྲེད་རྒྱུ་ལམ9ལ་སྨི297།  གློག་བགོད་འཕྲེད་དོང1ལ་སྨི33བཅས་ཀྱི་གྲུབ་པ་དང་། བསྡོམས་པས་རིང་ཚད་ལ་སྨི11055.4ཡོད་ཅིང་། ཕུག་ལམ་ཨང2པའི་རིང་ཚད་ལ་སྨི238དང་། ཕུག་ལམ་ཨང3པ་ནི་ཕུག་ལམ་གཙོ་བོ་སྨི3951དང་། མཉམ་སྤྱོད་ཕུག་ལམ་གྱི་སྨི3980། འཕྲེད་རྒྱུ་ལམ7ལ་སྨི231། གློག་བགོད་འཕྲེད་དོང1ལ་སྨི33བཅས་ཀྱི་གྲུབ་པ་ཡིན་ཏེ་། བསྡོམས་པས་རིང་ཚད་ལ་སྨི8195ཡོད། 

6c3be50c55b2198158825e.jpg

6c3be50c55b21981588702.jpg

6c3be50c55b21981589312.jpg

ལས་གཞི་ནི2010ལོའི་ཟླ3པའི་ཚེས10ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། འཛུགས་སྐྲུན་དུས་ཡུན་ལོ་དྲུག་ལྷག་འགོར། པད་མ་གངས་རིའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེའི་བདེ་ཆེན་མགྱོགས་མྱུར་གྱི་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་རྒྱུ་དང་། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། བོད་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོབ་བཅས་ལ་གལ་འགངས་ཆེ་བའི་དོན་དངོས་ཀྱི་དོན་སྙིང་ལྡན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།